58289

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཚན་དཀར་ (1)
Part of speech མིང་ཚིག
Definition ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་སེར་སྐྱ་སྙུང་རིལ་དབྱིབས་འདྲ་བར་རྩ་ཕྲན་ཁ་ཤས་གྱེས་ཤིང་རྟིང་པ་རིང་བ་དང་ཕྱི་པགས་སེར་སྐྱ་སྲབ་མོས་བཏུམས་ཡོད། སྡོང་པོ་སྔོ་ལྗང་ཕྲ་ལ་མཐོ་གང་ལྷག་ཙམ་བཅུ་ཕྲག་ཁ་ཤས་མཉམ་དུ་སྐྱེ་བ། ལོ་མ་སྔོ་སྐྱ་མཐུག་ལ་སྣུམ་ཞིང་འཇམ་པ་སྒོང་དབྱིབས་ཀྱི་མཐར་ཉག་ཆེན་རེ་མོས་སུ་སྐྱེ་བ་དང༌། སྡོང་པོ་དང་ལོ་མར་བརླན་གཤེར་གྱི་གྲུབ་ཆ་མང་པོ་ཡོད། མེ་ཏོག་ཐོག་མར་འཆར་སྐབས་དམར་སེར་ལ་རིམ་བཞིན་དཀར་པོར་འགྱུར་བ་སྡོང་པོའི་རྩེར་ཆུན་པོའམ་གདུགས་ཁ་དབྲག་ཅན་བང་རིམ་འཆར་ཞིང༌། འབྲས་བུ་ཆུང་བ་དམར་སྨུག་འཁོར་རྩིབས་འབྲས་བུ་འདོགས་པ་སྟེ། བོད་ཀྱི་ས་གནས་ཕལ་ཆེ་བའི་རི་སྡེབས་དང༌། བྲག་ལོག་རྩིག་ཟུར་སོགས་སུ་སྐྱེ་བ་མང་རྩ་བ་བོད་ཟླ་བརྒྱད་པའི་ནང་བཏུས་ཏེ་ས་དྲེག་སོགས་གཙང་མ་བཀྲུས་རྗེས་བསིལ་སར་བསྐམས་ཐོག་སྨན་དུ་སྤྱོད་རྒྱུ། རོ་བསྐ་ལ་ཁ་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་བས་རྟིངས་ཚད་སེལ་ཞིང་ཁྲག་འཕེལ་བ་དང་དུག་ལ་ཕན་པ་ཡིན།

{{#arraymap:ཚན་དཀར་

|; |@@@ | | }}