58298

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཚན་ཨའུ་ཙི་ (1)
Part of speech མིང་ཚིག
Definition ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་སེར་ནག་ཨ་ར་འདྲ་བའི་རྩ་ཕྲན་ཡིན་པ་དང༌། སྡོང་པོ་སྔོ་ལྗང་ཕྲ་ལ་ཐུང་བ་རྐྱང་པ་མཐོ་གང་ཙམ་པ། ལོ་མ་ལྗང་སེར་ཕྲ་བ་རྩེ་རྣོ་བ་རེས་རེ་མོས་སུ་སྐྱེ་བར་ངར་པ་མེད་པ་དང༌། སྨད་ཆས་སྡོང་པོ་བཏུམ་པ་ལོ་མར་ཚེར་ཕྲན་ཡོད་པ། མེ་ཏོག་སེར་པོ་ཆུང་བ་སྡོང་པོའི་རྩེར་འཆར་བ། འབྲས་བུ་ཆུང་བ་འཁོར་རྩིབས་འདྲ་བ་སྨིན་ཚེ་འཕྲེད་ལ་ཐེར་ཐེར་ཆགས་པར་འབྲུ་གུ་སེར་ནག་མང་པོ་ཡོད་པ་སྟེ། བོད་ཀྱི་ས་གནས་ཕལ་ཆེ་བའི་རི་ལྡེབས་རྩྭ་གསེབ་དང༌། རི་མ་ཐང་གི་བྲག་འོག་སོགས་སུ་སྐྱེ་བ། རྩ་ལོ་མེ་འབྲས་ལྷན་ཅིག་བོད་ཟླ་བདུན་པའི་ནང་བཏུས་ཏེ་གཙང་མ་བཟོས་ནས་སྐམ་རྗེས་སྨན་དུ་སྤྱོད་རྒྱུ། རོ་བསྐ་ལ་ཁ་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་བས་རིམས་དུག་དང་གཉན་ཚད་སོགས་ལ་ཕན་པ་ཡིན།

{{#arraymap:ཚན་ཨའུ་ཙི་

|; |@@@ | | }}