From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཚིག་གི་གཟུངས་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ། ཚིག་གི་གཟུངས་ནི་སངས་རྒྱས་རྣམས་ཀྱིས་གསུངས་པའི་ཆོས་རྒྱ་ཆེན་པོ་མི་བརྗེད་པར་འཛིན་པའི་དྲན་པ་དང་ཤེས་རབ་མཚུངས་ལྡན་ནོ། །ངོ་བོ་ནི་ཆོས་ཀྱི་སྤྱན་དུ་གཏོགས་སོ། །ཞེས་ཀུན་མཁྱེན་རོང་སྟོན་གྱི་རྣམ་བཤད་ཚིག་དོན་རབ་གསལ་ལས་སོ། ། ཀུན་མཁྱེན་གོ་རམས་པས། མཚན་ཉིད་ནི། བདག་རྐྱེན་བསམ་གཏན་གྱི་དངོས་གཞིའི་སེམས་ལ་བརྟེན་ནས་སངས་རྒྱས་རྣམས་ཀྱིས་གསུངས་པའི་ཆོས་རྒྱ་ཆེན་པོ་མི་བརྗེད་པར་འཛིན་ནུས་པའི་དྲན་པ་དང་ཤེས་རབ་མཚུངས་ལྡན་ནོ། །ས་མཚམས་ནི། སྨོན་ལམ་དང་བསམ་གཏན་གྱི་དབང་གིས་ཐོབ་པའི་གཟུངས་བཞི་ཆར་ཡང་ཐེག་ཆེན་གྱི་ཚོགས་ལམ་ནས་ཡོད། བརྟན་པ་དང་། རྒྱ་ཆེ་བའི་གཟུངས་བཞི་ཆར་ས་དང་པོ་ནས་ཡོད་པར་གསལ་ལོ། །ཞེས་སྦས་དོན་རབ་གསལ་ལས་གསུངས་སོ། །
|
| Domain
|
ཆོས་ལུགས།
|
ཚིག་གི་གཟུངས་ (2)
| Part of speech
|
མིང་ཚིག
|
| Definition
|
སྔགས། ཨ་ནུ་ཡོ་ག རྙིང་མ། གཟུངས་ཀྱི་སྒོ་བཞིའི་ཡ་གྱལ་ཞིག་སྟེ། འདིའི་དོན་གཟི་ལྡན་འཆར་ཁའི་འོད་སྣང་ལས། ཚིག་གི་གཟུངས་གང་ཞེ་ན། ཡི་གེ་གང་ལས་ཚིག་གང་བྱུང་ཞིང་སྣང་བ་ནའང་ཚིག་དང་ཡི་གེ་མི་འབྲལ་བ་ཀ་དང་བ་ལས་ཀ་བ་ཞེས་འབྱུང་བ་ལ་སོགས་པ་ལྟ་བུའོ། །ཞེས་གསུངས།
|