58412

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཚིག་གི་ཚོགས་ (1)
Part of speech མིང་ཚིག
Definition མིང་ཚིག་བརྗོད་པ་གསུམ་གྱི་ཡ་གྱལ་ཚིག་གི་ཚོགས་པ་སྟེ། དེ་ཡང་སྔར་གྱི་བརྡ་སྤྲོད་རྣམས་སུ། བྱཱ་ཀ་ར་ཎའི་ལུགས་ལ་རྣམ་དབྱེའི་མཐའ་ཅན་ནི་ཚིག་གོ ། རྣམ་དབྱེ་མེད་པ་ནི་མིང་ངོ་། ཞེས་འབྱུང་ཡང་། བོད་སྐད་ལ་རྣམ་དབྱེའི་དང་པོའི་གཅིག་ཚིག་མིང་ཙམ་ལས་ལོགས་སུ་དབྱེར་མེད་པས་ཇི་བཞིན་དུ་མི་འབྱོར་ཞིང་། དེ་བཞིན་ཆོས་མངོན་པའི་ལུགས་ཀྱི་ཡི་གེ་དུ་མ་འདུས་པ་ལས་མིང་། མིང་དུ་མ་འདུས་པ་ལས་ཚིག་ཅེས་གསུངས་པའང་སྤྱིར་བཏང་རགས་པ་ཙམ་ཡིན་པས་འདིར་ཕྲ་བའི་དབང་དུ་བྱས་ན་བོད་སྐད་ལ་མི་འབྱོར་བ་ཡིན། དེས་ན་འདིར་བོད་སྐད་གཞིར་བཞག་གིས་གང་ཞིག་ཡི་གེ་གཉིས་སམ་མང་པོ་འདུས་པའང་རུང་དོན་གྱི་ངོ་བོ་ཙམ་སྟོན་པའི་སྒྲ་ནི་མིང་ཡིན་ཞིང་། མིང་དེ་ཉིད་རྣམ་དབྱེའམ་ཕྲད་གང་རུང་དང་ལྡན་པས་དོན་གྱི་ཁྱད་པར་སྟོན་པར་བྱེད་པ་རྣམས་ནི་ཚིག་དང་། ཚིག་མང་པོ་སྦྲེལ་ནས་དོན་དང་ལྡན་པའི་ངག་གི་ཕྲེང་བར་གྲུབ་པ་ནི་བརྗོད་པ་ཞེས་བྱའོ། །
Domain སྒྲ་རིག་པ།
ཚིག་གི་ཚོགས་ (2)
Part of speech མིང་ཚིག
Definition མདོ། མངོན་པ། མི་ལྡན་པའི་འདུ་བྱེད་བཅུ་བཞིའི་ནང་གསེས། ངག་སྟེ་དོན་གྱི་ཁྱད་པར་སྟོན་པ་སྟེ།
Example ཀྱེ་མ་འདུས་བྱས་རྣམས་མི་རྟག ཅེས་བྱ་བ་དེ་ལྟ་བུ་ལ་སོགས་པ་ཇི་ཙམ་གྱིས་དོན་ཡོངས་སུ་རྫོགས་སྟེ། གང་གིས་བྱ་བ་དང་ཡོན་ཏན་དང་དུས་ཀྱི་འབྲེལ་པའི་ཁྱད་པར་རྟོགས་པར་འགྱུར་བ་ཚིག་དང་། དེ་དག་འདུས་པའམ་མང་པོའི་དོན་ནི་ཚིག་གི་ཚོགས་སྟེ། དཔེར་ན་འདུ་བྱེད་ཐམས་ཅད་མི་རྟག་པ་དག་གོ ། མྱ་ངན་ལས་འདས་པ་ནི་ཞི་བའོ་ཞེས་བྱ་བ་སྟེ། དེ་ལྟ་བུ་ལ་སོགས་པའོ། །དེ་ཡང་དེ་དག་ནི་སྐྱེས་བུའི་རྩོལ་བ་ལས་བྱུང་ཞིང་རྒྱུད་དུ་གཏོགས་པའི་ཕུང་པོའི་ཚོགས་པ་ན་ཡོད་པས་རྒྱུད་ཀྱིས་བསྡུས་པའི་ཕྱིར་ན་སེམས་ཅན་དུ་སྟོན་པ་ཡིན་ནོ། །ངག་ལ་ལྟོས་པའི་ཕྱིར་ན་འདོད་པ་དང་གཟུགས་སུ་གཏོགས་པ་ཁོ་ན་ཡིན་ནོ། །འདོད་དགུར་འབྱུང་ཞིང་གཟུགས་ཅན་མ་ཡིན་པས་རྣམ་སྨིན་དང་རྒྱས་བྱུང་མ་ཡིན་གྱི་སྐལ་མཉམ་གྱི་རྒྱུ་ལས་བྱུང་བའི་རྒྱུ་མཐུན་ལས་བྱུང་ངོ་། །དགེ་རྩ་ཆད་པ་དང་ཉོན་མོངས་སྤངས་པ་ལ་ཡོད་པས་དགེ་བ་དང་ཉོན་མོངས་ཅན་མིན་གྱི་ལུང་བསྟན་མིན་པ་མ་བསྒྲིབས་ལ་ལུང་དུ་མ་བསྟན་པའོ། །དེ་དག་སྒྲའི་རང་བཞིན་ནི་མ་ཡིན་གྱི་འོན་ཀྱང་རྣམ་རྟོག་གི་ཡུལ་ཉིད་དོ། །དེ་ཡང་རྫས་སུ་མེད་ན་དོན་རྗོད་བྱེད་མ་ཡིན་པར་ཐལ་བར་འགྱུར་རོ་ཞེས་བྱེ་བྲག་ཏུ་སྨྲ་བ་ཟེར་རོ། །
Domain ཆོས་ལུགས།