58415

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཚིག་གི་རྒྱུད་རྒྱས་པར་བཤད་པ་བཅོ་བརྒྱད་ (1)
Part of speech མིང་ཚིག
Definition མདོ་རྒྱུད་རིན་པོ་ཆེའི་མཛོད་དེབ་གཟུགས་གླེགས་བམ་གཉིས་པ་ལས་བྱུང་བ་སྟེ། ༡ བརྗོད་བྱ་རྒྱ་མཚོ་ལྟར་ཟབ་ཅིང་རྒྱ་ཆེ་བར་སྟོན་པ་རིག་པ་རང་ཤར་ཆེན་པོའི་རྒྱུད། ༢ ཉི་མ་ལྟར་གསལ་བར་སྟོན་པ་རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་གི་རྒྱུད། ༣ ཐེག་པ་འོག་མ་རྣམས་ཟིལ་གྱིས་གནོན་པར་སྟོན་པ་སེང་གེ་སྩལ་རྫོགས། ༤ མི་འགྱུར་བའི་ཆོས་ཉིད་སྟོན་པ་རི་རྒྱལ་ལྟ་བུ་དཔལ་ཡི་གེ་མེད་པ། ༥ འཁྲུག་པའི་འཁོར་ལོ་གཅོད་པར་སྟོན་པ་འཁོར་ལོ་ལྟ་བུའི་རྒྱུད་བཀྲ་ཤིས་མཛེས་ལྡན། ༦ སྡེ་སྣོད་ཀུན་གྱི་སྒོ་འབྱེད་པར་སྟོན་པས་ལྡེ་མིག་ལྟ་བུ་སྒྲ་ཐལ་འགྱུར། ༧ གོལ་ས་གཅོད་པར་སྟོན་པ་རལ་གྲི་ལྟ་བུའི་རྒྱུད་ཀློང་དྲུག་པ། ༨ སྒྲོན་མེའི་སྣང་བ་སྟོན་པར་བྱེད་པས་གསལ་ཞིང་ལྟ་བུའི་རྒྱུད་སྒྲོལ་མ་འབར་བ། ༩ ཚིག་དོན་གསེར་ལ་གཡུས་སྤྲས་པ་ལྟར་སྟོན་པས་གསེར་ཞུན་ལྟ་བུའི་རྒྱུད་ནོར་བུ་ཕྲ་བཀོད། ༡༠ ཡིད་ཆེས་ངེས་པའི་ཚིག་གིས་བར་དོ་ལ་གསལ་འདེབས་པས་མ་བུ་འབྲེལ་བ་ལྟ་བུའི་རྒྱུད་ཉི་ཟླ་ཁ་སྦྱོར། ༡༡ མེ་ལོང་གི་ནང་དུ་གཟུགས་བརྙན་བསྟན་པ་ལྟ་བུར་དཔེ་དོན་སྦྱར་ཏེ་སྟོན་པས་མེ་ལོང་ལྟ་བུའི་རྒྱུད་ངོ་སྤྲོད་སྤྲས་པ། ༡༢ མུ་ཏིག་གི་ཕྲེང་བརྒྱུད་ལེགས་པ་ལྟར་མན་ངག་ཁྲིགས་ཆགས་སུ་སྟོན་མུ་ཏིག་ཕྲེང་བའི་རྒྱུད། ༡༣ སྦྲུལ་གྱི་མདུད་པ་ལྟར་གཞུང་ཚིག་རང་གྲོལ་དུ་སྟོན་པ་སྦྲུལ་མདུད་ལྟ་བུའི་རྒྱུད་རིག་པ་རང་གྲོལ། ༡༤ ཁྱུང་ཆེན་ནམ་མཁའ་ལ་རྩོལ་སྒྲུབ་མེད་པར་འགྲོ་བ་ལྟ་བུའི་རྒྱུད་ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་། ༡༥ དབང་དང་བྱིན་རླབས་ཆུ་བོའི་རྒྱུན་བཞིན་སྟོན་པས་ཆུ་བོ་ལྟ་བུའི་རྒྱུད་རྫོགས་པ་རང་བྱུང་། ༡༦ རྒྱལ་པོའི་བང་མཛོད་དུ་གང་འདོད་འབྱུང་བ་ལྟ་བུའི་རྒྱུད་རིན་པོ་ཆེ་སྤུངས་པ། ༡༧ ཕྱུག་པོའི་བང་མཛོད་དུ་གང་འདོད་འབྱུང་བ་ལྟ་བུའི་རྒྱུད་རིན་པོ་ཆེ་སྤུངས་པ། ༡༨ སྤུ་གྲི་ངར་མས་གང་ལ་རེག་པ་གཅོད་པ་ལྟར་འགལ་བྱེད་ཆམ་ལ་འབེབས་པས་སྤུ་གྲི་ལྟ་བུའི་རྒྱུད་ནག་མོ་ཁྲོས་མ་བཅས་སོ། །
Domain ཆོས་ལུགས།