58417
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བ་སྟེ། མི་སྙན་པ་ལ་སྙན་པར་གྲགས་པ་ནི། ཚིག་དང་ཡི་གེ་འཇམ་ཞིང་སྙན་ལ་མི་འཕྲོད་པ་གང་ཡིན་པའོ། །སྙན་པ་ལ་མི་སྙན་པར་གྲགས་པ་ནི། ཚིག་དང་ཡི་གེ་རྩུབ་ལ་འཕྲོད་པ་གང་ཡིན་པའོ། །མི་སྙན་པ་ལ་མི་སྙན་པར་གྲགས་པ་ནི། ཚིག་དང་ཡི་གེ་ཡང་རྩུབ་ལ་མི་འཕྲོད་པ་གང་ཡིན་པའོ། །སྙན་པ་ལ་སྙན་པར་གྲགས་པ་ནི། ཚིག་དང་ཡི་གེ་ཡང་འཇམ་ཞིང་སྙན་ལ་འཕྲོད་པ་གང་ཡིན་པའོ། །དེ་ལ་མི་སྙན་པ་ལ་མི་སྙན་པར་གྲགས་པའི་ཚིག་སྨྲ་བ་གང་ཡིན་པ་དང༌། མི་སྙན་ལ་སྙན་པར་གྲགས་པའི་ཚིག་སྨྲ་བ་གང་ཡིན་པ་དེ་ནི་སྐྱེས་བུ་ཐ་མའོ། །དེ་ལ་སྙན་ལ་མི་སྙན་པར་གྲགས་པའི་ཚིག་སྨྲ་བ་གང་ཡིན་པ་དེ་ནི་སྐྱེས་བུ་འབྲིང་ཡིན་ནོ། །དེ་ལ་སྙན་པར་གྲགས་པའི་ཚིག་སྨྲ་བ་གང་ཡིན་པ་དེ་ནི་སྐྱེས་བུ་མཆོག་ཡིན་ནོ། ། |
| Domain | ཆོས་ལུགས། |