58446
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། མ་ཧཱ་ཡོ་ག རྙིང་མ། ཚིག་དོན་མི་མཐུན་པའི་གཏན་ཚིགས་ནི། མ་ཧཱ་ཡོ་གའི་ལྟ་བ་གཏན་ལ་འབེབས་པར་བྱེད་པའི་གཏན་ཚིགས་ཀྱི་བྱེ་བྲག་ཅིག་སྟེ། ཐེག་དགུ་སྤྱི་ཆིངས་ཀྱི་འགྲེལ་བཤད་ཉི་མའི་འོད་ཟེར་ལས། ཐེག་པ་འདིའི་ལུགས་ཀྱི་ལྟ་བ་གཏན་ཚིགས་ཀྱིས་གཏན་ལ་འབེབས་པར་བྱེད་པ་ལ། སྔོན་བྱུང་དངོས་པོ་ལྔའི་གཏན་ཚིགས། རྗེས་འཇུག་ཚུལ་ལྔ་དང་། ཚིག་གི་གཏན་ཚིགས་ཚིག་ལ་དཔྱད་དུ་ཡོད་པས་གོ་བ་དང་དཔྱད་དུ་མེད་པས་གོ་བ་གཉིས། དཔྱད་དུ་ཡོད་པས་གོ་བ་ལ་ཚིག་དོན་མཐུན་པ་དང་མི་མཐུན་པ་གཉིས། ཚིག་དོན་མི་མཐུན་པ་ལ་ཡང་ཀུན་ཡིན་གང་ཡིན་གྱི་གཏན་ཚིགས་དང་། མི་སྤངས་མི་ལྡན་གྱི་གཏན་ཚིགས་སོ། །ཞེས་དང་། རྒྱུད་གསང་བ་སྙིང་པོའི་ལྟ་བའི་སྐབས་ཀྱི་གཏན་ཚིགས་རྣམས་རིགས་པས་བསྒྲུབས་ཏེ་ངག་དོན་དུ་བཀོད་པ་ལས། གསུམ་པ་ཚིག་དོན་མི་མཐུན་པའི་གཏན་ཚིགས་ནི། ཆོས་རྣམས་ཀྱི་ཆོས་ཉིད་ཆོས་ཅན། སྤྲོས་པའི་རང་བཞིན་ཅིར་ཡང་མཐའ་གཅིག་ཏུ་གྲུབ་པ་མ་ཡིན་ཏེ། འཁོར་འདས་ཀྱི་སྣང་བ་སྣ་ཚོགས་པ་ཅིར་ཡང་འཆར་བ་ཡིན་པའི་ཕྱིར་རོ། །ཀུན་རྫོབ་ཀྱི་སྣང་བ་འདི་ཆོས་ཅན། མཐའ་གཅིག་ཏུ་ངེས་པ་མེད་པར་ཅིར་ཡང་འཆར་བ་ཡིན་ཏེ། རང་བཞིན་ཅིར་ཡང་མ་གྲུབ་པ་ཡིན་པའི་ཕྱིར་རོ། །ཞེས་གསུངས། |
| Domain | ཆོས་ལུགས། |