58448

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཚིག་དྲུག་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པ་ལས་གསུངས་པའི་གདུལ་བྱ་སོ་སོར་མཐུན་པའི་ཚིག་དྲུག་སྟེ། གཟི་ལྡན་འཆར་ཁའི་འོད་སྣང་ལས། སོ་སོའི་བསམ་སྐད་དང་མཐུན་པའི་ཚིག་དྲུག་བསྒྲགས་པས་གསང་སྔགས་ཀྱི་དོན་དྲུག་རྫོགས་པར་བྱེད་པ་སྟེ། དོན་གྲུབ་རྡོ་རྗེ་གསང་བའི་ཚིག ། ཞི་གནས་མི་རྟོག་ནམ་མཁའི་ཚིག ། འཛིན་པའི་རྟོད་ཕུར་འབྱིན་པའི་ཚིག ། ཡེ་ཤེས་དོན་གྱི་གསལ་བའི་ཚིག ། ཡིད་བཞིན་ནོར་བུ་འབར་བའི་ཚིག ། རྡོ་རྗེ་བུ་ཡུག་སྐར་མདའི་ཚིག་རྣམས་སོ། །ཞེས་གསུངས། འདི་ལ་མཐུན་པའི་ཚིག་དྲུག་ཅེས་ཀྱང་བརྗོད།
Domain ཆོས་ལུགས།