5846
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྡོམ་གསུམ་སྤྱི་དོན་ཡིད་བཞིན་ནོར་བུ་ལས། དེ་དག་གི་དོན་སོ་ཐར། བྱང་སེམས། བསྐྱེད་རིམ། རྫོགས་རིམ་གྱི་སྡོམ་པ་དང་བཞི་ཆར་ལ་སྦྱར་ན་གང་དུ་སྡོམ་པའི་གནས་ནི་སོ་ཐར་ལ། ནཱ་ལེནྜ་ལ་སོགས་པའི་སྡེ་པ་བཞི་པོ་འདུ་བའི་གནས། བྱང་སེམས་ལ། རྟེན་གྱི་ཡུལ་མཆོད་པར་བྱ་བ་ཉིད་དུ་བྱེད་པ་ཞེས་པ་ལྟར། གང་ཟག་རེ་རེ་ཡང་གང་དུ་བཞུགས་པའི་གནས། བསྐྱེད་རིམ་ལ། མཉམ་བཞག་ལྟར་ན་རང་སེམས། རྗེས་སྤྱོད་ལྟར་ན་སྣང་བའི་དངོས་པོ་གང་དུ་ཡོད་པ། རྫོགས་རིམ་ལ་རང་བྱིན་རླབས་ལྟར་ན། སྤྱིར་རྩ་འཁོར་ལོ་ཐམས་ཅད་དང། ཁྱད་པར་དུ་ལྟེ་བའི་གནས། དཀྱིལ་འཁོར་འཁོར་ལོ་ལྟར་ན་དབང་གི་གནས་སོ་ཞེས་ཀུན་མཁྱེན་གོ་རམས་པས་གསུངས་སོ། ། |
| Domain | ཆོས་ལུགས། |