From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཚིག་མཛོད་ (1)
| Part of speech
|
མིང་ཚིག
|
| Definition
|
མིང་ཚིག་སོགས་ཀྱི་ཐ་སྙད་རྣམས་ཀ་མད་ཀྱི་གོ་རིམ་ལྟར་བསྒྲིགས་ཤིང་། མ་ཚིག་དེའི་གོ་དོན་འགྲེལ་བཤད་དང་དཔེར་བརྗོད་སོགས་ཀྱིས་གསལ་བོར་བཀྲལ་ཡོད་པའི་དཔེ་དེབ་ཅིག
|
| Keyword
|
True
|
| Example
|
སྐད་ཡིག་ཚིག་མཛོད། རིག་གནས་ཚིག་མཛོད་ལྟ་བུ།
|
ཚིག་མཛོད་ (2)
| Part of speech
|
མིང་ཚིག
|
| Definition
|
རིག་གནས་ཚན་ཁག་གཅིག་གི་ཐ་སྙད་ཐུན་མིན་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་ནས་འགྲེལ་བཤད་བྱས་ཡོད་པའི་དཔེ་དེབ་ཅིག
|
| Keyword
|
True
|
| Example
|
གསོ་རིག་ཚིག་མཛོད། ཆོས་ལུགས་ཚིག་མཛོད་ལྟ་བུ།
|
ཚིག་མཛོད་ (3)
| Part of speech
|
མིང་ཚིག
|
| Definition
|
སྐད་ཡིག་གཉིས་སོགས་ཤན་སྦྱར་ནས་བསྒྲིགས་པའི་དཔེ་དེབ།
|
| Keyword
|
True
|
| Example
|
བོད་རྒྱ་ཚིག་མཛོད། བོད་དབྱིན་ཚིག་མཛོད་ལྟ་བུ།
|
ཚིག་མཛོད་ (4)
| Part of speech
|
མིང་ཚིག
|
| Definition
|
གོང་བཤད་དེ་དག་མཉེན་ཆས་བཟོས་ནས་གློག་ཀླད་སོགས་ཀྱི་ནང་དུ་ཡོད་པའི་རིགས་ལའང་གོ །
|