58499

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཚིག་ཟུར་ཕྱིན་པར་སྨྲ་བའི་ཡོན་ཏན་རྣམ་པ་ལྔ་ (1)
Part of speech མིང་ཚིག
Definition རྣལ་འབྱོར་སྤྱོད་པའི་ས་ལས་བྱུང་བ་སྟེ། ཇི་ལྟར་གྲོང་མིའི་སྐད་མ་ཡིན་པ་ཡིན་པ་ནི། ཡུལ་ངན་པ་དང༌། ཡུལ་འཁོར་ངན་པ་དང༌། ཡུལ་མི་ངན་པའི་སྐད་མ་ཡིན་པའོ། །ཇི་ལྟར་ཡང་བ་ནི། འཇིག་རྟེན་ན་གྲགས་ཤིང་ཤིན་ཏུ་རིགས་པའི་ཚིག་སྦྱོར་བར་བྱེད་པའོ། །ཇི་ལྟར་བརྗིད་པ་ནི། དོན་གང་བརྗོད་པའི་སྐབས་སུ་བབ་པའི་དོན་དེ་བསྒྲུབ་པའི་ཕྱིར་ལེགས་པར་སྦྱར་ཞིང་མཐུ་ཡོད་པའོ། །ཇི་ལྟར་འབྲེལ་པ་ནི། ཆོས་དང་དོན་སྔ་མ་དང་ཕྱི་མ་མི་འབྲེལ་བ་མ་ཡིན་པའོ། །ཇི་ལྟར་དོན་བཟང་བ་ནི། མངོན་པར་མཐོ་བའམ། ངེས་པར་ལེགས་པ་ལས་བརྩམས་ཏེ། ཕྱིན་ཅི་མ་ལོག་པའོ། །
Domain ཆོས་ལུགས།