58526
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བྱ་སླ་བ་རྐང་བ་དང་པོ་ན་ཡོད་པའི་ཟུང་ལྡན་གྱི་ནང་གསེས་དང་པོ་བར་མ་ཆོད་པའི་ཟུང་ལྡན་གྱི་ནང་གསེས་ལྔ་པ་སྟེ། རྒྱ་དཔེའི་རྐང་པ་དང་པོའི་ཐོག་མ་ལ། མདྷུ་རི་མ་དྷུ་རི། ཞེས་དང་། རྐང་པ་གཉིས་པའི་ཐོག་མ་ལ། བ་ད་ནེ་བ་ད་ནེ། ཞེས་ཟུང་ལྡན་གྱི་བར་མིང་ཚིག་གཞན་གྱིས་མ་ཆོད་པ་ལྟ་བུ་སྟེ། |
| Example | བོད་མཁས་པས། ལིང་ལིང་འཕུར་ཞིང་ལྡིང་བའི་འདབ་ཆགས་ཁྱུ། །ཀྱུར་ཀྱུར་མགྲིན་པའི་གླིང་བུ་བསྒྱུར་མཁས་རྣམས། །དྲི་ཟའི་འཇིག་རྟེན་ལས་བཞིན་སྐལ་བཟང་གི ། རྣ་བ་བདུད་རྩིའི་ཁང་བར་སྒྲུབ་པས་བྲེལ། །ཞེས་ཚིག་རྐང་དང་པོའི་ཐོག་མར་ལིང་ལིང་་དང་། ཚིག་རྐང་གཉིས་པའི་ཐོག་མར་ཀྱུར་ཀྱུར་ཞེས་ཟུང་ལྡན་བར་མ་ཆད་དུ་ཡོད་པ་ལྟ་བུ་ཞིག་ལ་ཟེར། |
| Domain | རྩོམ་རིག |