58528
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དབྱངས་སོགས་ངེས་པའི་བྱ་དཀའ་བའི་རྒྱན་གྱི་ནང་གསེས་བཞི་པའི་དང་པོ་སྟེ། རྒྱ་དཔེར། རེ་རེ་རོ་རཱུ་རཱུ་རཱ་རོ་རུ། །གཱ་གོ་གོཉ་གཱཾ་ག་གཉ་ག་གུཿ ཀིངྐེ་ཀཱ་ཀཱེ་ཀུ་ཀཱཿཀཱ་ཀོ། །མཱ་མཱ་མཱ་མ་མ་མཱ་མ་མ། །ཞེས་རིམ་པ་བཞིན་གསལ་བྱེད་ཀྱི་ཡི་གེ་ར་དང་། ག་དང་། ཀ་དང་། མ་བཅས་རིམ་པ་ལྟར་གསལ་བྱེད་ཀྱི་ཡི་གེ་བཞི་ཁོ་ནར་ངེས་པ་ཞིག་ཡིན། |
| Example | བོད་མཁས་པས། ཀྱེ་ཀྱེ་ཀཱ་ཀ྄ཱཿཀངྐ་སྐྱ་ཀ་ཀཱའི། །རེ་རོ་རུ་རུའི་རོ་རེས་ར་རོ་རུང་། །ས་ས་སོ་སོས་སོ་སོ་སོ་སོས། །ད་དེ་དེད་དོ་དེ་དོ་དེ་དེ་དེད། །ཅེས་རྐང་པ་དང་པོ་ཀ་དང་། གཉིས་པ་ར་དང་། གསུམ་པ་ས་དང་། བཞི་པ་ད་བཅས་ཡིན་ནོ། །ཞེས་གསལ་བྱེད་ཀྱི་ཡི་གེ་ཀ་དང་། ར་དང་། ས་དང་། ད་བཅས་བཞི་ཁོ་ནར་ངེས་པ་བྱས་ཡོད། |
| Domain | རྩོམ་རིག |