58529

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཚིག་རྐང་སྔ་མ་གཉིས་འདྲ་ཞིང་ཕྱི་མ་གཉིས་འདྲ་བའི་ཟུང་ལྡན་ (1)
Part of speech མིང་ཚིག
Definition བར་ཅོད་ཅིང་མ་ཆོད་པའི་ཟུང་ལྡན་གྱི་རྒྱན་གྱི་ནང་གསེས་དང་པོ་སྟེ། རྒྱ་དཔེའི་རྐང་པ་སྔ་མ་གཉིས་ཀྱི་ཐོག་མར། སཱ་ལཾ་སཱ་ལཾ་ཞེས་དང་། ཕྱི་མ་གཉིས་ཀྱི་ཐོག་མར། ནཱ་ལཱི་ནཱ་ལི་ཞེས་ཟུང་ལྡན་གཉིས་ཀྱི་བར་མིང་ཚིག་གཞན་གྱིས་བར་མ་ཆོད་པ་དང་། རྐང་བ་རང་རང་གི་ཟུང་ལྡན་གྱི་བར་དུ་མིང་ཚིག་གཞན་གྱིས་བར་ཆོད་པ་ལྟ་བུའོ། །
Example བོད་མཁས་པས། སིལ་སིལ་སྙན་ཆ་གཡོ་ཞིང་བསྒྱུར་བ་མོས། །སིལ་སིལ་ཕྱག་གི་གདུབ་ཀོར་འཐབ་པའི་སྒྲ། ། སྙན་སྙན་འཁྲོལ་དང་ལྷན་ཅིག་ཆོས་ཀྱི་སྒོ། །སྙན་སྙན་རྣ་བའི་དཔྱིད་དུ་འཇོ་ཞིང་སྟེར། །ཞེས་པ་ལྟ་བུའོ། །
Domain རྩོམ་རིག