58530
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བར་མ་ཆོད་པའི་ཟུང་ལྡན་གྱི་ནང་གསེས་བཅུ་གཅིག་པ་སྟེ། རྒྱ་དཔེའི་རྐང་པ་དང་པོའི་ཐོག་མར། བི་ཤ་དཱ་བི་ཤ་དཱ། ཞེས་དང་། གཉིས་པའི་ཐོག་མར། སཱ་ར་སེ་སཱ་ར་སེ། ཞེས་དང་། གསུམ་པའི་ཐོག་མར། ཀུ་རུ་ཏེ་ཀུ་རེ་ཏེ། ཞེས་པའི་ཟུང་ལྡན་བར་མ་ཆད་དུ་ཡོད་པ་ལྟ་བུའོ། ། |
| Example | བོད་མཁས་པས། འཁྱོག་འཁྱོག་མགྲིིན་པ་ཀྱོག་པའི་ཕྱི་མིག་གིས། །ཡང་ཡང་དུལ་བར་བལྟ་བའི་རི་དྭགས་མོ། ། འཇམ་འཇམ་རྩྭ་ལྗང་མལ་ན་ཕྲུ་གུར་བཅས། །བག་ཕབ་དྭངས་པའི་མཚོ་ལ་ཟླ་གཟུགས་བཞིན། །ཞེས་རྐང་པ་དང་པོའི་ཐོག་མར། འཁྱོག་འཁྱོག། རྐང་པ་གཉིས་པའི་ཐོག་མར། ཡང་ཡང་། རྐང་པ་གསུམ་པའི་ཐོག་མར། འཇམ་འཇམ་ཞེས་པ་ལྟ་བུའི་ཟུང་ལྡན་གྱི་བར་མ་ཆོད་པ་ཞིག་ལ་ཟེར། |
| Domain | རྩོམ་རིག |