58534

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཚིག་རྒྱན་ (1)
Part of speech མིང་ཚིག
Definition ཚིག་སྙན་ཞིང་མཛེེས་པ་དང་། དོན་སྟོན་ཚུལ་སྣ་ཚོགས་ལ་བརྟེན་ནས་ཚིག་གིས་དོན་སྟོན་པ་དག་ཅིང་གསལ་བ། ཉམས་འགྱུར་ལྡན་པ། ཤུགས་ཆེ་བ་ཞིག་བྱེད་པའི་ཚིག་སྦྱོར་གྱི་ཐབས་ཤིག་སྟེ། མདོར་ན་སྨྲ་བའི་ཚིག་རྣམས་ལ་ཡིད་དུ་འོང་བའི་ཉམས་ཀྱི་ཁྱད་པར་འདོན་པའི་ཐབས་ཤིག་ལ་ཟེར།
Example སྙན་ངག་མེ་ལོང་གི་གཞུང་དུ་དངོས་སུ་བསྟན་པའི་རང་བཞིན་བརྗོད་པའི་རྒྱན་དང་དཔེ་རྒྱན་སོགས་ཚིག་རྒྱན་ཡིན་ཞིང་། དེ་བཞིན་སྙན་ངག་མེ་ལོང་གི་གཞུང་དུ་དངོས་སུ་མ་གསལ་ཡང་བོད་རང་གི་རྩོམ་རིག་གི་ལག་ལེན་ཁྲོད་ནས་བྱུང་བའི་ཚིག་རྒྱན་རྣམས་ཀྱང་ངོ་།
Domain རྩོམ་རིག

{{#arraymap:ཚིག་རྒྱན་

|; |@@@ | | }}

ཚིག་རྒྱན་ (2)
Part of speech མིང་ཚིག
Definition སུམ་རྟགས་ཀྱི་སྐབས་སུ་ཚིག་རྒྱན་ཞེས་པ་ཀྱང་དང་། ཡང་། འང་གསུམ་གྱི་ཚིག་ཕྲད་གསུམ་པོ་དེ་རྣམས་ལ་ཟེར། སི་ཏུ་འགྲེལ་ཆེན་ལས། ཨཱ་ལི་ཕྱིས་ནས་གཉིས་པ་སྦྱར། །ཚིག་རྒྱན་གཉིས་དང་སྡུད་པར་འགྱུར། །ཞེས་པས་བསྟན་ཏེ། གོང་དུ་བཤད་པའི་འབྲེལ་སྒྲ་དེ་དག་ལས། ཀྱི། འི། གཉིས་ཀྱི་ཨཱ་ལི་སྟེ་གི་གུ་ཕྱིས་ནས་སོ་སོར་རྗེས་འཇུག་གཉིས་པ་ང་ཡིག་སྦྱར་བས། ཀྱང་། འང་། ཞེས་པར་གྲུབ་པ་དང་། འདིར་མ་བསྟན་ཀྱང་དོན་གྱིས་ཐོབ་པའི་ཡང་གི་སྒྲ་དང་བཅས་གསུམ་པོ་དེ་རྣམས་ནི་ཚིག་ཕྱི་མ་མཐུན་པའམ་མི་མཐུན་པར་སྟོན་པའི་ཚིག་རྒྱན་གཉིས་དང་། གཞིའམ་དོན་གཞན་ཞིག་ལ་སྡུད་ཅིང་སྦྱོར་བའི་སྒྲར་འགྱུར་རོ། ཞེས་གསུངས་པ་ལྟར་རོ།
Domain སྒྲ་རིག་པ།

{{#arraymap:ཚིག་རྒྱན་

|; |@@@ | | }}

ཚིག་རྒྱན་ (3)
Part of speech མིང་ཚིག
Definition བརྗོད་བྱ་ལྷག་པོ་སྟོན་རྒྱུ་ཡོད་ཀྱང་རུང་མེད་ཀྱང་རུང་། ཚིག་གི་ཉམས་འདོན་བྱེད་དམ་མཛེས་བྱེད་ཅིག་ལ་ཟེར།
Example ཉེ་བར། རྣམ་པར། ཡོངས་སུ། ཤིན་ཏུ། རབ་ཏུ་སོགས་ཀྱི་བསྣན་ཚིག་ཁག་ལ་བོད་ཀྱི་བརྡ་སྤྲོད་གཞུང་རྙིང་པ་རྣམས་སུ་མི་ཟད་པའི་ཚིག་རྒྱན་ཞེས་བཏགས་ཡོད།

{{#arraymap:ཚིག་རྒྱན་

|; |@@@ | | }}