58544

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཚིག་ལ་བསྐོར་བའི་རྗེས་ཁྲིད་ (1)
Part of speech མིང་ཚིག
Definition སྙན་པའི་ནང་གསེས་ཤིག་སྟེ། ཚིགས་བཅད་ཀྱི་ཚིག་རྐང་རང་རང་ལ་མིང་གཞིའི་ཡི་གེ་འདྲ་བར་སྦྱར་བ་ཞིག་ཡིན།
Example བོད་མཁས་པས། ལེགས་བྱས་ལས་གྲུབ་ལང་ཚོའི་དཔལ་གྱིས་སྒེག། །རབ་འབྱམས་ཆོས་ཀྱི་རང་བཞིན་ཏམྦུ་རའི། ། སྒྲ་དབྱངས་སྒྲོགས་ལ་སྒྲ་ལྡན་ལྷའི་བུ་མོ། །དེང་འདིར་ཆོས་དོན་འདོད་རྣམས་རྗེས་འཛིན་འཚལ། །ཞེས་པའི་ཚིག་རྐང་དང་པོར་མཐའ་རྟེན་གྱི་ལ་ཡིག་དང་། གཉིས་པར་ར་ཡིག་མཐའ་རྟེན་ཅན། གསུམ་པར་བརྩེགས་པ། བཞི་པར་མཐའ་རྟེན་ཅན་གྱི་ད་ཡིག་ལ་བསྐོར་བ་ལྟ་བུའོ། །
Domain རྩོམ་རིག