58550

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཚིག་ལེའུར་བྱས་པ་ (1)
Part of speech མིང་ཚིག
Definition ཚིགས་སུ་བཅད་པའམ། ཤོ་ལོ་ཀ་དང་དོན་གཅིག སྤྱིར་ཚིགས་བཅད་གཅིག་གི་ཡི་གེའི་གྲངས་ལ་རྒྱ་གར་གྱི་ཡི་གེ་བརྒྱད་བཞི་སུམ་ཅུ་རྩ་གཉིས་དང་བོད་ཀྱི་ནི་ཚེག་བར་ཉི་ཤུ་རྩ་བརྒྱད་ཡོད་པར་བཤད་དོ། །
Domain སྒྲ་རིག་པ།

{{#arraymap:ཚིག་ལེའུར་བྱས་པ་

|; |@@@ | | }}

ཚིག་ལེའུར་བྱས་པ་ (2)
Part of speech མིང་ཚིག
Definition རྗེས་སུ་བསྔགས་པའི་སྡེབ་སྦྱོར་ཅན་གྱི་ཚིགས་བཅད་དུ་ཡོད་པས་དེ་སྐད་ཅེས་བྱ་སྟེ། རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱིས་མཛད་པའི་རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་གྱི་དོན་འགྲེལ་རྒྱལ་ཚབ་དགོངས་པ་རབ་གསལ་བློ་གསལ་གྱི་མགུལ་རྒྱན་ལས། དེ་ཆོས་ཅན། ཚིག་ལེའུར་བྱས་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། རྗེས་སུ་བསྔགས་པའི་སྡེབ་སྦྱོར་ཅན་གྱི་ཚིགས་བཅད་དུ་ཡོད་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། རྗེས་བསྔགས་ཀྱི་སྡེབ་སྦྱོར་དེ་གང་ཞེ་ན། ཚིགས་སུ་བཅད་པ་ཡིག་འབྲུ་བདུན་པ་གཅིག་ལ་བྱེད་པར་ལེགས་བཤད་གསེར་གྱི་ཕྲེང་བ་ལས་བཤད་པའི་ཕྱིར། ཞེས་གསུངས་པའི་ཕྱིར།

{{#arraymap:ཚིག་ལེའུར་བྱས་པ་

|; |@@@ | | }}