58586

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཚིགས་ཕྱི་མ་བསྙེན་རྫོགས་ཀྱི་སྡོམ་པ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། ད་ཆོག་གི་སྐབས་སུ་སྡོམ་གསུམ་རིམ་གྱི་འཐོབ་དགོས་པས་སྡོམ་པའི་དུས་ཚིགས་དེ་ལ་སྔ་ཕྱི་གཉིས་སུ་ཕྱེ་བས་ཚིགས་སྔ་མ་དགེ་བསྙེན་དང་དགེ་ཚུལ་གྱི་སྡོམ་པ་དང་། དགེ་སློང་གི་སྡོམ་པ་དེ་ལ་ཚིགས་ཕྱི་མ་བསྙེན་རྫོགས་ཀྱི་སྡོམ་པ་ཞེས་པ་ཡིན་ནོ། །དེའི་ཚུལ་ནི། འོ་ན། ཚིགས་ཕྱི་མ་བསྙེན་རྫོགས་ཀྱི་སྡོམ་པ་ད་ལྟར་གྱི་ཆོ་ག་ལ་བརྟེན་ནས་ཐོབ་ཚུལ་ཇི་ལྟར་ཡིན་ཞེ་ན། དེ་འཆད་པ་ལ། དགེ་འདུན་ལས་བསྙེན་པར་རྫོགས་པར་བྱའོ། །ཞེས་སོགས་ཀྱི་མདོ་གསུངས། དེ་རྣམས་ཀྱི་དོན་བཤད་དུ་ཡོད་དེ། ཡུལ་གང་ལས་ནོད་པ། རྟེན་གྱི་གང་ཟག་གང་གིས་ནོད་པ། དངོས་པོ་གང་ནོད་པ། ཚུལ་ཇི་ལྟར་དུ་ནོད་པ་རྣམས་སུ་ཡོད་པའི་ཕྱིར། དང་པོ་ཡོད་དེ། མཁན་པོ། ལས་སློབ། གསང་སྟོན། དད་པའི་དགེ་འདུན་རྣམས་ལས་ནོད་པར་བྱ་བ་ཡིན་པའི་ཕྱིར། དགེ་འདུན་ལ་ཆོས་བཞི་དང་ལྡན་པ་དགོས་ཏེ། གྲངས་ཚང་བ། ཁ་སྐོང་བར་འོས་པ། མི་མཐུན་པ་གཉིས་དང༌བྲལ་བ། ལས་བྱེད་པ་དང་བཅས་པ་དགོས་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།