58588

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཚིགས་ཕྲན་ཉིས་བརྒྱ་བཅུ་ (1)
Part of speech མིང་ཚིག
Definition ༡ མགོ་བོར་ཐོད་རུས་གཡས་གཡོན་ཚིགས་སམ་རྒྱ་སུབས་གཉིས། ༢ ལྟག་རུས་འབྲེལ་མཚམས་ཀྱི་ཚིགས་ཕྲན་གཅིག། ༣ དཔྲལ་རུས་འབྲེལ་མཚམས་ཚིགས་སུབས་གཅིག། ༤ རྣ་ལྷན་རུས་དུམ་འབྲེལ་མཚམས་ཀྱི་ཚིགས་སུབས་གཅིག། ༥ སྨིན་དབྲག་རུས་དུམ་འབྲེལ་མཚམས་ཀྱི་ཚིགས་སུ་སུབས་གཅིག ༦ མཚུལ་རུས་གཡས་གཡོན་འབྲེལ་མཚམས་ཚིགས་སུབས་གཉིས། ༧ མིག་རུས་གཡས་གཡོན་འབྲེལ་མཚམས་ཚིགས་སུབས་གཉིས། ༨ མཁུར་ཚོས་དུམ་འབྲེལ་མཚམས་ཚིགས་ཕྲན་གཉིས། ༩ རྣ་བའི་རུས་དུམ་དྲུག་ལ་ཚང་མ་འབྲེལ་ཅིང་མཐུད་པའི་མཚམས་ཚིགས་ཀྱང་དྲུག། ༡༠ ཡ་མགལ་རུས་དུམ་འབྲེལ་མཚམས་ཚིགས་ཕྲན་གཉིས། ༡༡ གཤོལ་རུས་འབྲེལ་མཚམས་ཚིགས་ཕྲན་གཉིས། ༡༢ ལྕེ་རུས་ཀྱི་ཚིགས་ཕྲན་གཅིག། ༡༣ མ་མགལ་གྱི་རུས་དུམ་གཅིག། ༡༤ གཡས་གཡོན་འབྲེལ་མཚམས་ཀྱི་ཚིགས་ཕྲན་གཉིས་བཅས་འདྲིལ་བས་མགོ་བོར་ཚིགས་ཕྲན་ཉེར་བརྒྱད། ༡༥ སྒལ་ཚིགས་སོ་གཉིས་རྣམས་སྔ་མ་ལ་ཕྱི་མ་མཐུད་ནས་འབྲེལ་བའི་ཕྱིར་ཚིགས་ཕྲན་ཀྱང་སོ་གཉིས། ༡༦ རྩིབས་མ་ཉེར་བཞི་རྣམས་སྒལ་ཚིགས་སུ་འབྲེལ་བས་ཚིགས་ཀྱང་ཉེར་བཞི། ༡༧ རྩིབས་ཐུང་གཉིས་སྒལ་ཚིགས་སུ་འབྲེལ་བའི་ཚིགས་ཕྲན་གཉིས། ༡༨ ནམ་ཚོང་གི་རྩིབས་ཐུང་འཁྱོག་པོ་གཉིས། ༡༩ རྩིབས་རིང་གཡས་གཡོན་ལྔ་རེ་སྟེ་བཅུ་རྣམས་བྲང་རུས་དང་འབྲེལ་བའི་མཚམས་ཀྱི་ཚིགས་ཕྲན་བཅུ་གཉིས། ༢༠ སྒྲོག་རུས་གཉིས་གཡས་གཡོན་འབྲེལ་བའི་ཚིགས་ཕྲན་བཞི་བཅས་བྱང་ཁོག་ལ་ཚིགས་ཕྲན་བདུན་ཅུ་དོན་བཞི། ༢༡ མཁྲིག་མའམ་པྲན་རྩེའི་རུས་དུམ་བརྒྱད་རེ་སྟེ་བཅུ་དྲུག་སོ་སོ་ཕན་ཚུན་འབྲེལ་མཐུད་བྱས་པས་ཚིགས་ཕྲན་ཀྱང་བཅུ་དྲུག། ༢༢ མཐེ་བོང་ལ་ཚིགས་ཕྲན་སུམ་རེ་སྟེ་དྲུག། ༢༣ སོར་མོ་གཞན་བརྒྱད་ལ་བཞི་རེ་སྟེ་སོ་གཉིས། ༢༤ རྐང་པར་ལྷ་ང་གཉིས། ༢༥ སྲེ་ལོང་གཡས་གཡོན་བདུན་རེ་སྟེ་བཅུ་བཞི། ༢༦ རྐང་པའི་མཐེ་བོང་ལ་སུམ་རེ་སྟེ་ཚིགས་ཕྲན་དྲུག། ༢༧ སོར་མོ་གཞན་བརྒྱད་རྣམས་ལ་བཞི་རེ་སྟེ་ཚིགས་ཕྲན་སོ་གཉིས་བཅས་ཡན་ལག་ལ་འདྲིལ་བས་བརྒྱ་དང་བཅུ་མེད་བརྒྱད་བཅས་དེ་ལྟར་མགོ་བོར་ཉེར་བརྒྱད། བྱང་ཁོག་ལ་དོན་བཞི། ཡན་ལག་བརྒྱ་དང་བཅུ་མེད་བརྒྱད་བཅས་ལུས་འདིར་ཚིགས་ཕྲན་བཅས་སོ། །
Domain གསོ་རིག