58590

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཚིགས་བཅད་ཕྱེད་བཟློག་པ་ (1)
Part of speech མིང་ཚིག
Definition བཟློག་པའི་ཟུང་ལྡན་གྱི་ནང་གསེས་གཉིས་པ་སྟེ། ཚིགས་བཅད་ཀྱི་ཚིག་རྐང་དང་པོའི་ཡི་གེ་རྣམས་ལུགས་བཟློག་ཏུ་བཀླགས་ན། ཚིག་རྐང་བཞི་པ་འགྲུབ་ཅིང་། ཚིག་རྐང་གཉིས་པའི་ཡི་གེ་རྣམས་ལུགས་བཟློག་ཏུ་བཀླགས་ན། ཚིག་རྐང་གསུམ་པ་འགྲུབ་པ་སྟེ་ཚིགས་བཅད་ཕྱེད་བཟློགས་པས་ཕྱེད་འགྲུབ་པ་ལྟ་བུ་ཡིན།
Example བོད་མཁས་པས། རྫུན་ཕྱིར་དེ་ཉིད་འཁྲུལ་ལ་མེད་བཞིན་སྣང་། །དངོས་ཀུན་དེ་ཉིད་སྟོང་སྟེ་ཟབ་དོན་རིག། ། རིག་དོན་ཟབ་སྟེ་སྟོང་ཉིད་དེ་ཀུན་དངོས། །སྣང་བཞིན་མེད་ལ་འཁྲུལ་ཉིད་བདེ་ཕྱིར་རྫུན། །ཞེས་པ་ལྟ་བུའོ། །
Domain རྩོམ་རིག