58592
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཚིགས་སུ་བཅད་པ་གཉིས་པོ་དེ་ལན་གཉིས་སུ་བཟླས་པས་དོན་སོ་སོར་སྟོན་པ་རྒྱ་དཔེ་ལས་གསལ་ཞིང་། ལེགས་སྦྱར་སྐད་དུ་དེ་འདྲ་བའི་ཟུང་ལྡན་གྱི་སྦྱོར་བ་ནི་ཧ་ཅང་ཡིད་འཕྲོག་པའི་ཚིག་དོན་གྱི་རོ་ཉམས་ཕུན་སུམ་ཚོགས་པ་ཞིག་ཏུ་འགྱུར་ཞིང་། ཚིག་གཅིག་ལན་གཉིས་བརྗོད་པ་ཙམ་གྱིས་དོོན་སོ་སོར་རྟོགས་ནུས་པ་ལྟ་བུ་ཡིན་ལ། བོད་ཀྱི་བརྡའི་དབང་གིས་དེ་འདྲ་བ་འབྱུང་དཀའ་ནའང་། དོན་ཐོབ་ཙམ་མམ་རྒྱ་དཔེ་དང་ཆ་འདྲ་བ་ཙམ་གྱི་ཆ་ནས་བརྗོད་པ་ཡིན། |
| Example | བོད་མཁས་པས། གཅིག་ཏུ་འཕན་མེད་ས་འཛིན་ཆེན་པོའི་མདུན། །དུས་ཀུན་འཁྱོག་པོར་བགྲོད་པའི་ལྕེ་གཉིས་པ། ། ལྟར་སྣང་ཁ་དོག་ཙམ་གྱིས་མཛེས་པ་ལ། །ཡིད་བརྟན་འཆའ་བར་འདོད་པ་དེ་བླུན་པོ། །ལྟ་བུ། |
| Domain | རྩོམ་རིག |