58605

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཚིགས་ལས་འདས་པའི་ལྟུང་བྱེད་གཉིས་པ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། གླེང་གཞི་ནི་སྦོམ་དགའ་མོས་དགེ་སློབ་མའི་བསླབ་པ་མ་བྱིན་པར་བསྙེན་པར་རྫོགས་པར་བྱེད་པ་ལས་སོ། །དགག་བྱ་ནི་དགེ་སློང་མའི་སྡོམ་པ་མི་བརྟན་པར་འགྱུར་བའོ། །དགེ་སློབ་མའི་བསླབ་པ་མ་བྱིན་པ་ཁྱིམ་སོ་མ་བཟུང་བ་མཁན་མོ་ཉིད་ཀྱིས་བསྙེན་པ་རྫོགས་པ་བྱེད་པ་ལའོ། །ཞེས་མཁན་མོ་ལ་ལྟུང་བྱེད་དོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། མཁན་མོ་ཉིད་ཀྱིས་ཁྱིམ་སོ་མ་བཟུང་བ་དགེ་སློབ་མའི་བསླབ་པ་མ་སྦྱིན་པ་བསྙེན་པར་རྫོགས་པར་བྱེད་པ་ནི། ཚིགས་ལས་འདས་པའི་ལྟུང་བྱེད་དོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། །
Domain ཆོས་ལུགས།