58617

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཚིགས་སུ་བཅད་པ་རངས་པོ་བཟློག་པ་ (1)
Part of speech མིང་ཚིག
Definition བཟློག་པའི་ཟུང་ལྡན་གྱི་ནང་གསེས་གསུམ་པ་སྟེ། ཚིགས་བཅད་ཀྱི་རྐང་བཞིའི་ཡི་གེ་ཆ་ཚང་བ་ཞིག་གི་མཇུག་ནས་ལུགས་ལྡོག་ཏུ་སླར་ཡང་བཀླགས་པས། བརྗོད་བྱའི་དོན་ཐ་དད་ཡིན་པའི་ཚིག་རྐང་བཞི་འགྲུབ་པ་ཞིག་ལ་ཟེར།
Example བོད་མཁས་པས། ཤེས་པར་ལྡན་པ་མཛེས་ཤིང་མཁས་ལ་གསལ། །བཙུན་ན་དུལ་དང་དེས་ལ་ཞི་ཞིང་འཇམ། །ཁེངས་ཤིང་ཆགས་ལ་ནོར་འདོད་ངན་ལ་སྡང་། ། བླུན་པས་འཁྲུལ་ཕྱིར་དེ་ཉིད་མཐོང་བ་མིན། །ཞེས་ཚིག་རྐང་བཞིའི་ཡི་གེ་ལུགས་ལྡོག་ཏུ་བཀླགས་པས། སླར་ཡང་ཚིག་རྐང་བཞི་འགྲུབ་སྟེ། མིན་པ་མཐོང་ཉིད་དེ་ཕྱིར་འཁྲུལ་བས་བླུན། །སྡང་ལ་ངན་འདོད་ནོར་ལ་ཆགས་ཤིང་ཁེངས། །འཇམ་ཞིང་ཞི་ལ་དེས་དང་དུལ་ན་བཙུན། ། གསལ་ལ་མཁས་ཤིང་མཛེས་པ་ལྡན་པར་ཤེས། །ཞེས་པ་ལྟ་བུ།
Domain རྩོམ་རིག