58663

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཚུགས་ (1)
Part of speech རྒྱན་ཚིག
Definition ཚུགས་ཀ་ཞེས་པའི་བསྡུས་མིང་སྟེ། རྣམ་པ་དང་སྟངས་ཀ་ལ་གོ
Example མི་དེ་ཡག་པོ་ཞིག་མིན་པ་ཁོའི་ངོ་ཚུགས་ལ་བལྟས་ན་ཤེས་ཐུབ་ཅེས་དང་། ཁང་པའི་ཚུགས་ཀ་ཧ་ཅང་ཡག་ལྟ་བུ།
ཚུགས་ (2)
Part of speech རྒྱན་ཚིག
Definition བཟོ་ལྟ་དང་རྣམ་འགྱུར་ཡག་པོ་ཡོད་པའི་དོན།
Example མི་ཚུགས་ཀ་ཅན་ཞེས་དང་། འགོ་ཁྲིད་ཚུགས་ཀ་ཅན་ཞེས་དང་། ཁྱེད་ཚང་གི་ཨ་མེས་ཚུགས་ཀ་ཅན་ཞིག་འདུག་ལྟ་བུ།
ཚུགས་ (3)
Part of speech རྒྱན་ཚིག
Definition གཞན་ལ་རྟེན་མི་དགོས་པའི་ནུས་པ་སྟེ།
Example ཚང་མས་རང་ཚུགས་ཐུབ་པ་བྱེད་དགོས་ཞེས་པ་ལྟ་བུ། བྱིས་པས་རང་ཚུགས་ཐུབ་ལྟ་བུ།
ཚུགས་ (1)
Part of speech སྒྲུབ་ཚིག
Definition ཐུབ་པའམ་ནུས་པའི་དོན།
Example མི་སྡོད་ཚུགས་པ་ཞིག་གལ་ཆེ་ལྟ་བུ།
ཚུགས་ (1)
Part of speech བྱ་ཚིག
Definition འཛུགས་ཀྱི་སྐུལ་ཚིག
Keyword True
Transitive བྱ་བྱེད་ཐ་དད་པ།
Future [གཟུགས།]
Present [འཛུགས།]
Past [བཙུགས།]
Imperative [ཚུགས།]
ཚུགས་ (2)
Part of speech བྱ་ཚིག
Definition ལས་ཀ་སོགས་ཀྱི་འགོ་བརྩམས་པའི་དོན།
Keyword True
Example ཚོགས་འདུ་འགོ་ཚུགས། དཔྱིད་ཚུགས་ལྟ་བུ།
Transitive བྱ་བྱེད་ཐ་མི་དད་པ།
Verb Form གཟུགས་མི་འགྱུར་བ།