5868
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། བྱེ་བྲག་སྨྲ་བ། གང་མང་གི་ཞི་བྱེད་ནི། པཎ་ཆེན་འདུལ་བ་ལས། སྔ་མ་རྣམས་ཀྱིས་མ་ཞི་ན་གནས་བརྟན་མཐུ་ལྡན་དེས་རྩོད་པ་སྦེད་པ་པོ་ལ་གཏད། དེས་དགེ་འདུན་བཞི་བོ་ལ་གཏད། བཞི་བོས་གང་མང་བྱས་ཏེ་ཞི་བར་བྱེད་པ་ཡིན་པའི་ཕྱིར། གང་མང་བྱ་ཚུལ་ཡོད་དེ། གཞི་གང་ལ་བྱ་བའི་དབང་དུ་བྱས་ན། ཆོས་རྣམ་པར་གཏན་ལ་འབེབས་པ་ཡིན་པ། རྒོལ་ཕྱི་རྒོལ་གཉིས་ཀས་དམ་དུ་བཟུང་བ། དགེ་འདུན་བྱེ་བར་གྱུར་པའི་དོགས་པ་དང་བཅས་པ། མངོན་སུམ་བརྒྱད་སྔོན་དུ་སོང་བ་དེ་ལ་བྱ་བ་དང་། ཚུལ་ཇི་ལྟར་བྱེད་པའི་དབང་དུ་བྱས་ན། སྦྱོར་དངོས་མཇུག་གསུམ་གྱི་སྒོ་ནས་རིག་པར་བྱ་བ་ཡིན་པའི་ཕྱིར། ཕྱི་མ་གྲུབ་སྟེ། སྦྱོར་བའི་དབང་དུ་བྱས་ན། ཚུལ་ཤིང་འབྲིམས་པ་བསྐོ་བ་དང་། དེས་དགེ་འདུན་བསྡུ་བའི་དོན་དུ་གསོལ་བ་འདེབས་པ་དང་། དགེ་འདུན་འདུ་བའི་སྐབས་ཀྱི་བྱ་བ་སྒྲུབ་པ་རྣམས་ཡིན་པའི་ཕྱིར། དངོས་གཞིའི་དབང་དུ་བྱས་ན། ཚུལ་ཤིང་འབྲིམས་པ་པོས་ཇི་ལྟར་བྱ་བ་དང་། ལེན་པ་པོས་ཇི་ལྟར་བྱ་བ་གཉིས་སུ་ཡོད་པའི་ཕྱིར། ཕྱི་མ་གཉིས་གྲུབ་སྟེ། འབྲིམས་པ་པོས་ལུས་ངག་ཡིད་གསུམ་གྱི་བྱ་བ་གཉིས་གཉིས་ཏེ་དྲུག་བྱ། ལེན་པ་པོས་མི་ལེན་པ་ལྔ་དང་ལེན་པ་གཅིག་དང་དྲུག་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། འབྲིམས་པ་པོས་ཆོས་ཀྱི་ཚུལ་ཤིང་ལག་པ་གཡས་དང་། ཆོས་མིན་གྱི་ཚུལ་ཤིང་གཡོན་དུ་བཟུང་སྟེ། སྟེང་གཡོགས་ཕྱེ་བ་དང་མ་ཕྱེ་བའི་སྒོ་ནས་ཆོས་ཀྱི་ཚུལ་ཤིང་ལེན་པ་གྲངས་མང་བར་འགྱུར་བའི་ཐབས་བྱེད་པ་སྟེ་ལུས་ཀྱི་གཉིས་དང་། ཆོས་ཀྱི་ཚུལ་ཤིང་གི་བསྔགས་པ་བརྗོད་པ་དང་། དེ་ཉིད་ལེན་དགོས་པའི་གཏམ་གསར་བུའི་རྣ་དྲུང་དུ་ཐོས་པར་བྱ་བ་སྟེ་ངག་གི་གཉིས་དང་། དགེ་འདུན་བྱེ་བར་མི་འགྱུར་བ་དང་། རྩོད་པ་ཆོས་ཕྱོགས་སུ་ཞི་ན་སྙམ་པ་སྟེ་ཡིད་ཀྱི་གཉིས་ཡོད་པའི་ཕྱིར། རྩ་རྟགས་གཉིས་པ་གྲུབ་སྟེ། ཆོས་མིན་གྱི་ཚུལ་ཤིང་མི་ལེན་པ་དང་། ཐེ་ཚོམ་བྱུང་བས་མ་དྲིས་པར་མི་ལེན་པ་དང་། དགེ་འདུན་གྱི་དབྱེན་དུ་འགྱུར་བའི་བསམ་པས་མི་ལེན་པ་དང་། རྩོད་པ་ཆོས་མིན་ཕྱོགས་སུ་ཞི་བར་འདོད་པའི་བསམ་པས་མི་ལེན་པ་དང་། དེ་གཉིས་འབྱུང་བར་ཤེས་ན་མི་ལེན་པ་སྟེ་ལྔ་དང་། མི་ལེན་པ་ལྔ་ལས་བཟློག་པ་ལྔའི་སྟེང་དུ་མཉམ་ན་ཉན་ཐོས་ཆེན་པོའི་ཚུལ་ཤིང་གཅིག་བླང་བ་དང་དྲུག་ཡོད་པའི་ཕྱིར། མཇུག་ཇི་ལྟར་བྱ་བ་ཡོད་དེ། སྐྱོ་སྔོགས་མི་བྱ་བ་ལ་བསླབ་པར་བྱ་བ་ཡིན་པའི་ཕྱིར། རྩོད་པ་ཆོས་ཕྱོགས་སུ་ཞི་བའི་རྗེས་སུ་སྐྱོ་སྔོགས་བྱས་ན། སྐྱོ་སྔོགས་བྱས་པའི་ལྟུང་བྱེད་འབྱུང་ལ། ཆོས་མིན་ཕྱོགས་སུ་ཞི་བར་བྱས་རྗེས་སུ་སྐྱོ་སྔོགས་བྱས་ན་ཉེས་བྱས་བསྐྱེད་པའི་ཕྱིར། ཞེས་གསུངས། |
| Domain | ཆོས་ལུགས། |