58701

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཚུལ་ (1)
Part of speech ཕྲད་ཚིག
Definition ཆོས་དེ་དངོས་མིན་ཀྱང་དེ་ཡིན་པའི་ཟོལ་ལམ་རྣམ་འགྱུར་ཏེ་འདྲ་བ་ལ་འཇུག་པ་ནི།
Example རྒྱལ་པོའི་ཚུལ་དུ་བཞུགས། ཐ་མལ་གྱི་ཚུལ། ཕ་བཟང་པོ་ཞིག་གི་ཚུལ་གྱིས་བསྐྱངས་ལྟ་བུ།
ཚུལ་ (2)
Part of speech ཕྲད་ཚིག
Definition བཟང་པོར་བཅོས་པའི་དོན་དུ་འཇུག་པ་ནི།
Example གཤིས་ཀ་ངན་ཡང་བཟང་ཚུལ་སྟོན་པ། མི་མཁས་ཀྱང་མཁས་ཚུལ་ལྟ་བུ།
ཚུལ་ (3)
Part of speech ཕྲད་ཚིག
Definition སྒོ་ནས་ཞེས་པའི་དོན་དང་འཇུག་དོན་མཚུངས་ཏེ།
Example ཚིག་དང་དོན་གྱི་ཚུལ་ལྟ་བུ།
ཚུལ་ (4)
Part of speech ཕྲད་ཚིག
Definition རིམ་པ་འཇུག་སྟེ།
Example བསླབ་པའི་ཚུལ་མནོས་ཏེ་ལྟ་བུ།
ཚུལ་ (5)
Part of speech ཕྲད་ཚིག
Definition རང་བཞིན་ལ་འཇུག་པ་ནི།
Example ངང་ཚུལ་ལྟ་བུ།
ཚུལ་ (6)
Part of speech ཕྲད་ཚིག
Definition ཐབས་ལ་འཇུག་པ་ནི།
Example ལོ་ཏོག་འདེབས་ཚུལ། བྱང་ཆུབ་ཆེན་པོ་ཐོབ་བྱེད་ཀྱི་ཐབས་སྟོན་པ་ལ། བྱང་ཆུབ་ཆེན་པོའི་ཚུལ་སྟོན་པ་ཞེས་པ་ལྟ་བུ།
ཚུལ་ (7)
Part of speech ཕྲད་ཚིག
Definition རིགས་པ་ལ་འཇུག་པ་ནིི། ཚུལ་དང་ཚུལ་མ་ཡིན་པ་ལྟ་བུ།
ཚུལ་ (8)
Part of speech ཕྲད་ཚིག
Definition དོན་ལ་འཇུག་པ་ནི།
Example དོན་བཞིའི་སྒོ་ནས་འཆད་པ་ལ། ཚུལ་བཞིའི་བཤད་པ་ཞེས་པ་ལྟ་བུ།
ཚུལ་ (9)
Part of speech ཕྲད་ཚིག
Definition འདོད་པ་ལ་འཇུག་པ་ནི། གྲུབ་མཐའི་ཚུལ་ཞེས་པ་ལྟ་བུ།
ཚུལ་ (10)
Part of speech ཕྲད་ཚིག
Definition ལེགས་པའི་དོན་ལ་འཇུག་པ་ནི།
Example ཚུལ་མཐུན། དམ་སྡོམ་ཚུལ་བཞིན་བསྲུང་ལྟ་བུ།
ཚུལ་ (11)
Part of speech ཕྲད་ཚིག
Definition འདོད་ཚུལ་ལ་འཇུག་པ་སྟེ།
Example གྲུབ་མཐའི་ཚུལ་ལྟ་བུ།
ཚུལ་ (12)
Part of speech ཕྲད་ཚིག
Definition བདེན་པ་ལ་འཇུག་པ་ནི།
Example འཕགས་པའི་བདེན་པ་ལ་འཕགས་པའི་ཚུལ་ཞེས་བརྗོད་པ་ལྟ་བུ།
ཚུལ་ (13)
Part of speech ཕྲད་ཚིག
Definition ལམ་མམ་ལུགས་སྲོལ་ལ་འཇུག་པ་ནི།
Example ལུགས་སྲོལ་དང་མཐུན་པ་ལ་ཚུལ་དང་མཐུན་པ་ཞེས་པ་ལྟ་བུ།
ཚུལ་ (14)
Part of speech ཕྲད་ཚིག
Definition རྣམ་འགྱུར་རམ། སྟངས་ཀ་ལ་འཇུག་སྟེ།
Example སྐད་ཆ་བཤད་ཚུལ། འགྲོ་ཚུལ་ལྟ་བུ།
ཚུལ་ (15)
Part of speech ཕྲད་ཚིག
Definition རྣམ་པ་ལ་འཇུག་པ་སྟེ།
Example ཚུལ་སྣ་ཚོགས་པ་ལྟ་བུ།
ཚུལ་ (16)
Part of speech ཕྲད་ཚིག
Definition སྤྱོད་པའམ་སྤྱོད་ལམ་ལ་གོ་སྟེ། ཚུལ་ཁྲིམས་ཞེས་པའི་ཚུལ་ནི་སྤྱོད་པ། ཁྲིམས་ནི་དེ་ལས་མི་འདའ་བའོ།
Example ཚངས་པའི་ཚུལ་ལྟ་བུ།
ཚུལ་ (17)
Part of speech ཕྲད་ཚིག
Definition མྱང་འདས་ལ་འཇུག་པ་སྟེ།
Example བླ་མེད་ཀྱི་ཚུལ་ལྟ་བུ།
ཚུལ་ (18)
Part of speech ཕྲད་ཚིག
Definition མཐའི་དོན་ལ་འཇུག་སྟེ།
Example སྲིད་པའམ་ཞི་བའི་ཚུལ་ལས་འདས་ལྟ་བུ།