From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཚུལ་ཁྲིམས་ (1)
| Part of speech
|
མིང་ཚིག
|
| Definition
|
མཐུན་ཕྱོགས་ཉམས་སུ་ལེན་པས་ན་ཚུལ་ཁྲིམས།
|
| Domain
|
ཆོས་ལུགས།
|
ཚུལ་ཁྲིམས་ (2)
| Part of speech
|
མིང་ཚིག
|
| Definition
|
སྤོངས་པའི་སེམས་པ་ནི་ཚུལ་ཁྲིམས་ཀྱི་ངོ་བོ་ཡིན། ངོ་བོའི་སྒོ་ནས་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས། དགེ་བ་ཆོས་བསྡུད་ཀྱི་ཚུལ་ཁྲིམས། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས། ཡང་ན་ལུས་ངག་ཡིད་གསུམ་གྱི་ཚུལ་ཁྲིམས་རྣམས་སུ་ཡོད། མྱུར་དུ་རྫོགས་པའི་སངས་རྒྱས་ཐོབ་པར་འདོད་པ་རྣམས་ཀྱིས་ཚུལ་ཁྲིམས། རྣམ་པར་དག་པ་ལ་གུས་པར་སློབ་རིགས་ཏེ། ཚུལ་ཁྲིམས་རྣམ་དག་ཡོན་ཏན་ཀུན་གྱི་འབྱུང་གནས་དང་ཚུལ་ཁྲིམས་འཆལ་བ་ཉེས་སྐྱོན་ཀུན་གྱི་འབྱུང་གནས་ཡིན་པའི་ཕྱིར་ཏེ། ཕར་ཕྱིན་བསྡུས་པ་ལས། རྫོགས་པའི་སངས་རྒྱས་ཚུལ་ཁྲིམས་རྒྱན་ལྡན་པ། །འགྲོ་བ་ཐམས་ཅད་སྒྲུབ་དོན་གང་བརྩོན་པས། །རང་གི་ཚུལ་ཁྲིམས་ཐོག་མར་ཡོངས་སུ་སྦྱངས། །ཚུལ་ཁྲིམས་དག་པའི་མཐུ་ཡིས་སྟོབས་ཀྱང་བསྐྱེད། །ཅེས་གསུངས་པའི་ཕྱིར།
|
ཚུལ་ཁྲིམས་ (3)
| Part of speech
|
མིང་ཚིག
|
| Definition
|
དེའི་རྒྱུད་ཀྱི་ཁྱད་ཆོས་བཞི་ལྡན་གྱི་ཉེས་སྤྱོད་སྤོང་བའི་སེམས་པ། དེའི་རྒྱུད་ཀྱི་ཚུལ་ཁྲིམས་ཀྱི་མཚན་ཉིད། ཚུལ་ཁྲིམས་ལ་དབྱེ་ན། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་དང་གསུམ་དུ་ཡོད།
|