58709

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཚུལ་ཁྲིམས་ཀྱི་ཉེས་པ་རྣམ་པ་ལྔ་ (1)
Part of speech མིང་ཚིག
Definition འཕགས་པ་འོད་སྲུངས་ཀྱི་ལེའུ་རྒྱ་ཆེར་འགྲེལ་པ་བྱུང་བ་སྟེ། འཐོབ་པ་དང་བཀུར་སྟིའི་ཟིལ་གྱིས་ནོན་པའི་ཉེས་པ། ལུས་ལ་ལྟ་བ་དང་བཅས་པས་ལེ་ལོའི་ཉེས་པ། ལྟ་བ་ལ་རྣམ་པར་རྟོག་པས་སྲོག་ལ་ཕངས་པར་འཛིན་ཏེ། སྨོན་ལམ་བཏབ་ནས་ཚངས་པར་སྦྱོད་པ་ལ་གནས་པའི་ཉེས་པ། སྲིད་པར་སྐྱེ་བ་ཐམས་ཅད་ལ་གནས་པས་ཚུལ་ཁྲིམས་ཙམ་གྱིས་ཆོག་པར་འཛིན་པའི་ཉེས་པ། ཚུལ་ཁྲིམས་ལས་གོང་དུ་ཏིང་ངེ་འཛིན་དང༌། ཤེས་རབ་བསྒོམ་པ་ལ་ཡང་དག་པར་མ་ཞུགས་པས་མི་འབྱུང་བའི་ཉེས་པའོ། །
Domain ཆོས་ལུགས།