58720

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཚུལ་ཁྲིམས་ཀྱི་ཕུང་པོ་དང་ལྡན་པས་ཉམས་པར་མི་འགྱུར་བའི་ཆོས་བཅུ་ (1)
Part of speech མིང་ཚིག
Definition འཕགས་པ་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་གྱི་མདོ་ལས་བྱུང་བ་སྟེ། འཁོར་ལོས་བསྒྱུར་བའི་རྒྱལ་སྲིད་ལས་ཡོངས་སུ་ཉམས་པར་མི་འགྱུར་ཏེ། དེ་ལའང་བག་ཡོད་པ་ལ་བྱང་ཆུབ་འདོད་པ། བརྒྱ་བྱིན་ལས་ཡོངས་སུ་ཉམས་པར་མི་འགྱུར་ཏེ། དེ་ལའང་བག་ཡོད་ལ་བྱང་ཆུབ་འདོད་ཅིང་སངས་རྒྱས་མཐོང་བ་འབའ་ཞིག་འདོད་པ། ཚངས་པ་ལས་ཡོངས་སུ་ཉམས་པར་མི་འགྱུར་ཏེ། དེ་ལའང་བག་ཡོད་ལ་བྱང་ཆུབ་འདོད་པ། ཤེས་ནས་དད་པ་ཐོབ་པའི་ཕྱིར་སངས་རྒྱས་མཐོང་བ་ལས་ཡོངས་སུ་ཉམས་པར་མི་འགྱུར་བ། ཇི་ལྟར་ཐོས་པའི་ཆོས་ལ་ནན་ཏན་དུ་བསྒྲུབ་པའི་ཕྱིར་ཆོས་ཐོས་པ་ལས་ཡོངས་སུ་ཉམས་པར་མི་འགྱུར་བ། བྱང་ཆུབ་སེམས་དཔའི་དམ་བཅས་པ་ཤེས་པ་ལས་ཡོངས་སུ་ཉམས་པར་མི་འགྱུར་བ། དགེ་བའི་རྩ་བའི་ཆོས་ཐམས་ཅད་ཤེས་པ་འདོད་པའི་ཕྱིར་སྤོབས་པ་མི་ཆོད་པ་ལས་ཡོངས་སུ་ཉམས་པར་མི་འགྱུར་བ། བསམ་གཏན་ལས་ཡོངས་སུ་ཉམས་པར་མི་འགྱུར་བ། སངས་རྒྱས་དང་། རང་སངས་རྒྱས་དང་། ཉན་ཐོས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྔགས་པ་ལས་ཡོངས་སུ་ཉམས་པར་མི་འགྱུར་བ། མངོན་པར་ཤེས་པ་མྱུར་བ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་རྫོགས་པར་བྱ་བ་ལས་ཡོངས་སུ་ཉམས་པར་མི་འགྱུར་བའོ། །
Domain ཆོས་ལུགས།