58735

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཚུལ་ཁྲིམས་ཀྱི་སྡོམ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་མི་འཇིགས་པ་འཐོབ་པ་བཅུ་ (1)
Part of speech མིང་ཚིག
Definition དཀོན་བརྩེགས་འཕགས་པ་འཇམ་དཔལ་གྱི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཞེས་བྱ་བའི་མདོ་ལས་བྱུང་བ་སྟེ། གང་འདི་མི་འཇིགས་པར་གྲོང་དུ་འཇུག་པ། མི་འཇིགས་པར་འཁོར་ལ་ཆོས་སྟོན་པ། མི་འཇིགས་པར་ཁ་ཟས་ཟ་བ། མི་འཇིགས་པར་གཙུག་ལག་ཁང་དུ་འཇུག་པ། མི་འཇིགས་པར་དགེ་འདུན་གྱི་ནང་དུ་འཇུག་པ། མི་འཇིགས་པར་སློབ་དཔོན་དང་མཁན་པོའི་དྲུང་དུ་འགྲོ་བ། མི་འཇིགས་པར་བྱམས་པ་དང་ལྡན་པས་འཁོར་ལ་ཆོས་སྟོན་པ། མི་འཇིགས་པར་གོས་དང་། ཟས་དང་། མལ་ཆ་དང་། ན་བའི་གསོས་སྨན་དང་། ཡོ་བྱད་ལ་སྤྱོད་པ། དེས་སྨྲས་པ་གཟུང་བར་འགྱུར་བའོ། །
Domain ཆོས་ལུགས།