58739
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དུས་རབས་བཅུ་བཞི་པའི་དཀྱིལ་དུ་འཁྲུངས། པཎ་གྲུབ་མང་པོ་བསྟེན། མདོ་སྔགས་རིག་གནས་ཀུན་ལ་ཐུགས་བརྩོན་གནང་། ལེགས་སྦྱར་གྱི་སྐད་ཡིག་ལ་ཕུལ་དུ་ཕྱིན་པའི་ལོ་ཙཱ་བ་ཞིག་ཡིན། བསྒྱུར་རྩོམ་ནི་བསྟན་འགྱུར་ལས་དཔལ་གདན་བཞི་བའི་ཆུའི་སྦྱིན་སྲེག་གི་ཆོ་ག་དང་། འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་དཀྱིལ་འཁོར་གྱི་ཆོ་ག སྔགས་ཀྱི་རྒྱན་གྱི་སྒྲུབ་ཐབས། རབ་གནས་ཀྱི་རྒྱན། གཏོར་མའི་རྒྱན། དམ་ཚིག་གི་རྒྱན། འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་སྒྲུབ་ཐབས། སྔགས་ཀྱི་རྒྱན་གྱི་འགྲེལ་བ། དམ་ཚིག་གི་རྒྱན་གྱི་རྣམ་པར་བཤད་པ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་སྒྲུབ་ཐབས་གསང་བའི་སྒྲོན་མ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་འཁོར་ལོའི་རིམ་པ། མཚན་བརྗོད་ཀྱི་སྒྲུབ་ཐབས། འཕགས་པ་འཇམ་དཔལ་གྱི་དཀྱིལ་འཁོར་གྱི་ཆོ་ག་ཡིད་བཞིན་ནོར་བུ་བཅས་བཞུགས། |