From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཚུལ་ཁྲིམས་གསུམ་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ། འཇིགས་སྐྱོབ་ཀྱི་ཚུལ་ཁྲིམས་དང༌། ལེགས་སྨོན་གྱི་ཚུལ་ཁྲིམས། ངེས་འབྱུང་གི་ཚུལ་ཁྲིམས་བཅས་གསུམ་མོ། །
|
| Domain
|
ཆོས་ལུགས།
|
ཚུལ་ཁྲིམས་གསུམ་ (2)
| Part of speech
|
མིང་ཚིག
|
| Definition
|
དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་སྤྱིར་དཀར་པོ་དགེ་བའི་ཆོས་ཐམས་ཅད། ལྷག་པ་ཤེས་རབ། ལྷག་པ་ཏིང་འཛིན། ལྷག་པ་ཚུལ་ཁྲིམས་གྱི་བསླབ་པའམ། དགེ་བ་བཅུ་ཕ་རོལ་ཏུ་ཕྱིན་པ་བཅུ་འམ་དྲུག་གིས་བསྡུས་པའི་དགེ་བའི་ཕྱོགས་ཐམས་ཅད་ཉམས་སུ་བླང་། སེམས་ཅན་དོན་གྱི་ཚུལ་ཁྲིམས། སྦྱིན་པ། སྙན་པར་སྨྲ་བ། དོན་མཐུན་པ། དོན་སྤྱོད་པ་བཞི་ལ་སོགས་པས་སེམས་ཅན་གྱི་དོན་བྱས། སྡོམ་པའི་ཚུལ་ཁྲིམས་སོ་སོར་ཐར་པའི་རིགས་བདུན། བྱང་ཆུབ་སེམས་དཔའི་བསླབ་པ་རིག་པ་འཛིན་པའི་དམ་ཚིག་གསུམ་གྱིས་མི་མཐུན་པའི་ཕྱོགས་བསྡོམ་པས་ནི་སྡོམ་པ། མཐུན་ཕྱོགས་ཉམས་སུ་ལེན་པས་ན་ཚུལ་ཁྲིམས།
|
ཚུལ་ཁྲིམས་གསུམ་ (3)
| Part of speech
|
མིང་ཚིག
|
| Definition
|
བྱང་སེམས་ཀྱི་ཚུལ་ཁྲིམས་གསུམ་སྟེ། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་དང༌། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས། སེམས་ཅན་དོན་བྱད་ཀྱི་ཚུལ་ཁྲིམས་རྣམས་སོ། །
|