58752

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ (1)
Part of speech མིང་ཚིག
Definition མངོན་པ། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ཞེས་པ་ནི། ལྟ་ངན་གྱིས་ཀུན་ནས་བསླངས་པའི་ཚུལ་ཁྲིམས་དང་། གཡང་གཞི་འཆང་བ་སོགས་ལུས་ངག་གི་འཇུག་པ་ངེས་པར་བྱེད་པའི་བརྟུལ་ཞུགས་དང་། དེ་དག་གང་ལས་འབྱུང་བའི་ཕུང་པོ་ལ་དམིགས་ནས་དག་གྲོལ་དུ་ལྟ་བའི་ཤེས་རབ་ཉོན་མོངས་ཅན་ཞིག་ལ་ཟེར། དེ་ལྟར་ཡང། འཕགས་པ་ཐོགས་མེད་ཀྱིས་མཛད་པའི་མངོན་པ་ཀུན་བཏུས་ལས། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་གང་ཞེ་ན། ཚུལ་ཁྲིམས་དང། བརྟུལ་ཞུགས་དང། ཚུལ་ཁྲིམས་དང་བརྟུལ་ཞུགས་ཀྱི་གནས་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ལ། འདག་པ་དང། གྲོལ་བ་དང་། ངེས་པར་འབྱིན་པར་ཡང་དག་པར་རྗེས་སུ་ལྟ་བའི་བཟོད་པ་དང་། འདོད་པ་དང། བློ་གྲོས་དང་། རྟོག་པ་དང་། ལྟ་བ་གང་ཡིན་པ་སྟེ། ངལ་བ་འབྲས་བུ་མེད་པའི་རྟེན་བྱེད་པའི་ལས་ཅན་ནོ། །ཞེས་གསུངས། འདིའི་བྱེད་ལས་ལ་ངལ་བ་འབྲས་བུ་མེད་པ་ཞེས་གསུངས་པ་ནི་རང་གིས་འདོད་པའི་ཐར་བའི་ཕྱིར་དུ་ངལ་བ་འབྲས་བུ་མེད་པའི་དོན་ནོ། །
Domain ཆོས་ལུགས།

{{#arraymap:ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་

|; |@@@ | | }}