58754

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་ལྟ་བ་ (1)
Part of speech མིང་ཚིག
Definition མདོ། མངོན་པ། ལྟ་བ་ལྔའི་ནང་གསེས་ཤིག་སྟེ། དེ་ཡང་མངོན་མཐོའི་སྣོད་བཅུད་ཀྱི་རྒྱུ་ཚུལ་ཁྲིམས་ལ་ལོག་པར་ཞུགས་པ་སྟེ་མངོན་མཐོའི་རྒྱུ་མིན་པ་ལ་དེར་ལྟ་བ་དང་། ཐར་པའི་རྒྱུ་ལམ་ལ་ལོག་པར་ཞུགས་པ་སྟེ་ཐར་ལམ་མིན་པ་ལ་དེར་ལྟ་བ་གང་རུང་གིས་བསྡུས་པ་ཞིག་སྟེ། སེར་སྨད་རྒྱལ་དབང་མཛོད་ལས། དབང་ཕྱུག་སོགས་འཇིག་རྟེན་སྐྱེད་བྱེད་ཀྱི་རྒྱུ་མ་ཡིན་པ་ལ་རྒྱུར་བལྟ་བ་དང༌། མེ་ལྔ་བསྟེན་པ་དང་གཡང་དུ་མཆོང་བ་སོགས་མཐོ་རིས་ཀྱི་རྒྱུ་ཚུལ་ཁྲིམས་མིན་པ་ལ་དེར་ལྟ་བ་ཚུལ་ཁྲིམས་མཆོག་འཛིན་དང༌། བརྟུལ་ཞུགས་ངན་པ་སོགས་ཐར་ལམ་མིན་པ་ལ་དེར་བལྟ་བ་ནི་བརྟུལ་ཞུགས་མཆོག་འཛིན་ཏེ། འདིར་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་གཉིས་ནི་གཅིག་ཏུ་འདྲེན་ནོ། །ཞེས་གསུངས།
Domain ཆོས་ལུགས།

{{#arraymap:ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་ལྟ་བ་

|; |@@@ | | }}