58762
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འཕགས་པ་དཀོན་མཆོག་སྤྲིན་ཞེས་བྱ་བའི་མདོ་ལས་བྱུང་བ་སྟེ། བྱང་ཆུབ་སེམས་དཔའ་སོ་སོར་ཐར་པའི་སྡོམ་པས་བསྡམས་པ། བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་བསླབ་པའི་སྡོམ་པས་བསྡམས་པ། བྱང་ཆུབ་སེམས་དཔའ་ཉོན་མོངས་པ་ཐམས་ཅད་ཀྱི་ཡོངས་སུ་གདུང་བ་དང་བྲལ་བ། བྱང་ཆུབ་སེམས་དཔའ་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་དང་བྲལ་བ། བྱང་ཆུབ་སེམས་དཔའ་ལས་ཀྱིས་འཇིགས་པ། བྱང་ཆུབ་སེམས་དཔའ་ཁ་ན་མ་ཐོ་བས་འཇིགས་པ། བྱང་ཆུབ་སེམས་དཔའ་འཇིགས་པར་ལྟ་བ། བྱང་ཆུབ་སེམས་དཔའ་ཡང་དག་པར་བླངས་པ་ལ་བརྟན་པ། བྱང་ཆུབ་སེམས་དཔའ་མི་གནས་པའི་ཚུལ་ཁྲིམས་པ། བྱང་ཆུབ་སེམས་དཔའ་འཁོར་གསུམ་ཡོངས་སུ་དག་པའི་ཚུལ་ཁྲིམས་པ། |
| Domain | ཆོས་ལུགས། |