58771
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། ཕར་ཕྱིན། ཚུལ་ཁྲིམས་བསྲུངས་པའི་ཕན་ཡོན་ནི། ཚེ་འདིར་འབྱུང་བ་ནི། ཚུལ་ཁྲིམས་ལ་གནས་པར་འགྱོད་པ་མེད། དེའི་སྟོབས་ཀྱིས་ཡིད་བདེ་ཞིང་སེམས་རྣལ་དུ་ཕེབས། ཤེས་རབ་གསུམ་གྱི་རྒྱུར་འགྱུར་བ་ལ་སོགས་པ་ཡོན་ཏན་དཔག་ཏུ་མེད་དེ། ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། ཏིང་འཛིན་རྒྱལ་པོ་སྟོང་པ་འདི་སྒོམ་པ། །ཚུལ་ཁྲིམས་དག་པའི་མགོ་ལ་དེ་འདུག་སྟེ། །ཞེས་སོགས་གསུངས་པ་ལྟར་རོ། །ཞེས་དང་། ཚེ་ཕྱི་མར། དད་པས་མི་ཁོམ་འགྲོ་མི་འགྱུར། །ཁྲིམས་ཀྱིས་འགྲོ་བ་བཟང་པོར་སྐྱེ། །ཞེས་སོགས་གསུངས་པ་ལྟར། མཐོ་རིས་ཡོན་ཏན་བདུན་ལྡན་དུ་སྐྱེ་སྟེ་འདི་ལྟར། རིགས་ལྡན་གཟུགས་བཟང་ལོངས་སྤྱོད་ཆེ། །ཤེས་རབ་ཕུན་ཚོགས་དབང་ཕྱུག་ལྡན། །ནད་མེད་ཤིན་ཏུ་ཚེ་རིང་བ། །མཐོ་རིས་ཡོན་ཏན་བདུན་ཞེས་གསུངས། ཡོན་ཏན་བདུན་བརྗོད་པའི་གཏམ་ལས་དོན་བསྡུས་པའི་ཚིགས་སུ་བཅད་པའོ། །ཞེས་དང་། མཐར་ཐུག་གི་ཕན་ཡོན་ནི། མངོན་པར་རྫོགས་པར་སངས་རྒྱས་པ་ན། ནམ་མཁའི་མཐས་ཀླས་པའི་འཇིག་རྟེན་ཐམས་ཅད་དུ་དེར་ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་ཀྱི་སྟོན་པ་ཞེས་སྙན་པའི་གྲགས་པ་འབྱུང་བ་སོགས་འཐོབ་སྟེ། མདོ་སྡེ་རྒྱན་ལས། བསྲུང་མེད་བསྙེལ་བ་མི་མངའ་བས། །འཁོར་གྱི་ནང་དུ་བག་བརྐྱང་གསུང། །ཀུན་ནས་ཉོན་མོངས་གཉིས་སྤངས་པའི། །འཁོར་སྡུད་ཁྱེད་ལ་ཕྱག་འཚལ་ལོ། །ཞེས་བྱ་བ་ལ་སོགས་པ་ཡོན་ཏན་དཔག་ཏུ་མེད་པ་འཐོབ་བོ། །ཞེས་ཆོས་རྗེ་ས་པཎ་གྱི་ཐུབ་པ་དགོངས་གསལ་ལས་སོ། ། |
| Domain | ཆོས་ལུགས། |