58776
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སངས་རྒྱས་ཀྱི་སྡེ་སྣོད་ཚུལ་ཁྲིམས་འཆལ་པ་ཚར་གཅོད་པའི་མདོ་ལས་བྱུང་བ་སྟེ། དགེ་འདུན་མཐུན་པ་མི་དགའ་ཞིང་ཡིད་མི་བདེ་བ་སྐྱེད་པར་འགྱུར་བ། སྐྱེ་བོ་མང་པོས་སྨད་པའི་འོས་སུ་འགྱུར་བ། དགེ་སློང་གི་འཁོར་མཐོང་ན་ཐག་མི་རིང་བར་འདུག་ནས་གཡས་གཡོན་དུ་ལྟ་བར་བྱེད། དེ་དེ་ནས་བདག་དང་མཚུངས་པ་མ་མཐོང་ནས་ཡི་ཆད་པ་ཉིད་ཀྱིས་སླར་ལྡོག་པར་འགྱུར་བ། གཏུམ་པ། སྙིང་རྗེ་མེད་པ། གསོ་དཔྱད་མེད་པ། མུ་སྟེགས་ཀྱི་ཚུལ་ཁྲིམས་ལ་གནས་པ། གཞན་གྱིས་བསགས་པའི་ལོངས་སྤྱོད་ཀྱིས་ལུས་གསོ་བར་བྱེད་པ། སྤྱི་རྟོལ་ཅན་དང་། མུ་ཅོར་སྨྲ་བ། ཐུག་ཐུབ་ཅན། ཕལ་པའི་དབང་པོ་ཅན། ལུས་ཀྱི་ལས་མི་གཙང་བ་རྣམས་དང་ལྡན་པ་ཡིན། དེ་བཞིན་གཤེགས་པས་གསུངས་པའི་ཡང་དག་པའི་མདོ་སྡེ་འདི་ལྟ་བུ་འདི་དག་ཤེས་ནས་དགའ་བའམ་མགུ་བ་མི་འཐོབ་ཅིང་བདག་ཉིད་ལ་ལྷག་པར་ཡང་གནོད་པར་བྱེད་དེ། རང་གི་སྤྱོད་ལམ་ངན་པ་ཀུན་ཏུ་བལྟས་ནས་རང་ཉིད་ཡིད་གཉིས་ཟ་བར་འགྱུར་བ། བྲེ་མོ་གཏམ་ལ་དགའ་བ། བྲེ་མོ་གཏམ་ལ་མངོན་པར་དགའ་བ་དང་། ཕྲག་དོག་ཅན་ཡིན་པ། ཡོན་ཏན་སྒྲོག་པས་སློབ་དཔོན་དང་། གྲགས་པ་དང་། སྒྲ་དང་། ཚིགས་སུ་བཅད་པ་མངོན་པར་བསྟོད་པར་མཁན་པོ་གཙོ་བོར་བྱེད་པ། རྩོད་པ་ལེན་པ་དང་། འཐབ་མོས་དགའ་བ་འཐོབ་པ། ཆོས་གོས་ལ་ཞེན་པ། འགྲོ་བ་ངན་པར་འགྲོ་བ། ཉལ་བའི་བདེ་བ་ལ་གཞོལ་བ་བཅས་སོ། ། |
| Domain | ཆོས་ལུགས། |