58780

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཚུལ་ཁྲིམས་ཡང་དག་པར་ལེན་པའི་གཞི་ལས་རྣམ་པར་གཞག་པའི་གང་ཟག་གསུམ་ (1)
Part of speech མིང་ཚིག
Definition རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བ་སྟེ། ༡ ཉེས་པར་བཤད་པའི་ཆོས་འདུལ་བ་ལ་ཚུལ་ཁྲིམས་ཡང་དག་པར་ལེན་པ། དེ་ལ་དེ་ནི་སྐྱེས་བུ་ཐ་མ་ཡིན་ནོ། །༢ ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་ཚུལ་ཁྲིམས་ཡང་དག་པར་ལེན་ཅིང་ཉམས་པར་བྱེད། སྐྱོན་ཅན་དུ་བྱེད་པ། དེ་ལ་དེ་ནི་སྐྱེས་བུ་འབྲིང་ཡིན་ནོ། །༣ དེ་ཉིད་ལ་ཉམས་པར་མི་བྱེད། སྐྱོན་ཅན་དུ་མི་བྱེད་པའོ། །དེ་ལ་དེ་ནི་སྐྱེས་བུ་མཆོག་ཡིན་ནོ། །
Domain ཆོས་ལུགས།