58782

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཚུལ་ཁྲིམས་ཡོངས་སུ་དག་པ་བཞི་ (1)
Part of speech མིང་ཚིག
Definition དཀོན་བརྩེགས་དྲག་ཤུལ་ཅན་གྱིས་ཞུས་པའི་མདོ་ལས་བྱུང་བ་སྟེ། འཕགས་པའི་རིགས་རྣམས་ལ་གནས་པ། སྦྱངས་པའི་ཡོན་ཏན་དང་། ཡོ་བྱད་བསྙུངས་པ་ལ་མངོན་པར་དགའ་བ། ཁྱིམ་ན་གནས་པ་དང་རབ་ཏུ་བྱུང་བ་རྣམས་དང་མི་འདྲེ་བ། ཚུལ་འཆོས་པ་མེད་པར་དགོན་པར་གནས་པའོ། །
Domain ཆོས་ལུགས།
ཚུལ་ཁྲིམས་ཡོངས་སུ་དག་པ་བཞི་ (2)
Part of speech མིང་ཚིག
Definition ལུས་བསྡམས་པའི་ལུས་མི་དམིགས་པ། ངག་བསྡམས་པའི་ངག་མི་དམིགས་པ། ཡིད་བསྡམས་པའི་ཡིད་མི་དམིགས་པ། ལྟ་བ་དང་བྲལ་བ་ཐམས་ཅད་མཁྱེན་པར་སེམས་བསྐྱེད་པའོ། །
ཚུལ་ཁྲིམས་ཡོངས་སུ་དག་པ་བཞི་ (3)
Part of speech མིང་ཚིག
Definition ངར་འཛིན་པ་སྤངས་པ། ང་ཡིར་འཛིན་པ་བོར་བ། ཆད་པ་དང་རྟག་པ་དང་བྲལ་བ། རྟེན་པའི་ཆོས་ལ་འཇུག་པའོ།
ཚུལ་ཁྲིམས་ཡོངས་སུ་དག་པ་བཞི་ (4)
Part of speech མིང་ཚིག
Definition ཕུང་པོ་རྣམས་ལ་འབྱུང་བ་དང་འཇིག་པར་རྟོག་པ། ཁམས་རྣམས་ལ་ཆོས་ཀྱི་དབྱིངས་སུ་ཡོངས་སུ་འཇལ་བ། སྐྱེ་མཆེད་རྣམས་ལ་གྲོང་སྟོང་པར་འདུ་ཤེས་པ། ཐ་སྙད་བཏགས་པ་རྣམས་ལ་མངོན་པར་མ་ཞེན་པའོ། །
ཚུལ་ཁྲིམས་ཡོངས་སུ་དག་པ་བཞི་ (5)
Part of speech མིང་ཚིག
Definition བདག་ལ་བདག་མེད་པར་འདུ་ཤེས་པས་བདག་ལ་མི་བསྟོད་པ། གཞན་ལ་མི་དམིགས་པས་གཞན་ལ་མི་སྨོད་པ། སེམས་ཤིན་ཏུ་སྦྱངས་པས་རློམ་སེམས་སུ་མེད་པ། ཆོས་ཐམས་ཅད་ལ་མཉམ་པ་ཉིད་པས་གཡོ་བ་མེད་པའོ། །
ཚུལ་ཁྲིམས་ཡོངས་སུ་དག་པ་བཞི་ (6)
Part of speech མིང་ཚིག
Definition སྟོང་པ་ཉིད་ལ་མོས་པ། མཚན་མ་མེད་པས་མི་སྐྲག་པ། སེམས་ཅན་ཐམས་ཅད་ལ་ཆེར་སྙིང་རྗེ་བ། བདག་མེད་པ་ལ་བཟོད་པའོ། །