58783
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འཕགས་པ་ནམ་མཁའ་མཛོད་ཀྱིས་ཞུས་པའི་མདོ་ལས་བྱུང་བ་སྟེ། སེམས་རྣམ་པར་དག་པའི་ཕྱིར་བྱང་ཆུབ་ཀྱི་སེམས་དང་མི་འབྲལ་བ། ཚད་མར་གྱུར་པ་རྣམ་པར་དག་པའི་ཕྱིར་ཉན་ཐོས་དང་རང་སངས་རྒྱས་ཀྱི་སེམས་མེད་པ། དམ་བཅས་པ་རྣམ་པར་དག་པའི་ཕྱིར་བསླབ་པ་ཐམས་ཅད་མི་འདོར་བ། སྨོན་ལམ་ཡོངས་སུ་དག་པའི་ཕྱིར་སྐྱེ་བ་ཐམས་ཅད་དུ་མི་འཇུག་པ། མངོན་པར་འདུ་མི་བྱེད་པ་ཡོངས་སུ་དག་པའི་ཕྱིར་མི་ལྡོག་པ། མཚན་མ་ཡོངས་སུ་དག་པའི་ཕྱིར་བྱང་ཆུབ་དུ་བསྔོ་བ། ཉོན་མོངས་པ་ཡོངས་སུ་དག་པའི་ཕྱིར་ཀུན་ནས་གདུང་བ་མེད་པ། བྱང་ཆུབ་ཡོངས་སུ་དག་པའི་ཕྱིར་སྨོན་ལམ་ཡོངས་སུ་རྫོགས་པའོ། ། |
| Domain | ཆོས་ལུགས། |