58796

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཚུལ་ཁྲིམས་རྣམ་དག་པའི་ཡོན་ཏན་བཞི་ (1)
Part of speech མིང་ཚིག
Definition མདོ། མངོན་པ། ཚུལ་ཁྲིམས་དེ་ཡང་རྣམ་པར་དག་པ་ནི་ཡོན་ཏན་བཞི་དང་ལྡན་པ་ཡིན་ནོ། །བཞི་གང་ཞེ་ན། འཆལ་པའི་ཚུལ་ཁྲིམས་ཀྱིས་འཕན་ཏེ་སྐྱོན་མ་བྱུང་བ་དང་། དེའི་རྒྱུ་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པས་འཕན་མ་བྱུང་བ་དང་། འཆལ་བའི་ཚུལ་ཁྲིམས་དེའི་གཉེན་པོ་བྱེད་པའི་དྲན་པ་ཉེར་གཞག་ལ་བརྟེན་པ་དང་། ཐར་པར་བསྔོས་པས་ཞི་བ་ལ་བརྟེན་པའོ་ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། །
Domain ཆོས་ལུགས།