58805

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཚུལ་ཁྲིམས་རྣམ་པར་དག་པ་བཅུ་ (1)
Part of speech མིང་ཚིག
Definition རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བ་སྟེ། བསྒྲུབ་པའི་བརྩོན་འགྲུས་ཀྱིས་ཐོབ་པའི་ལོངས་སྤྱོད་རྣམས་སྦྱིན་པར་བྱེད་པ། རང་གི་ཞོ་ཤས་བསྒྲུབས་པ་དག་སྦྱིན་པར་བྱེད་པ། རྟུལ་ཞིང་དྲི་མ་ཆགས་ཆགས་སུ་བསྒྲུབས་པ་དག་སྦྱིན་པར་བྱེད་པ། ཆོས་རྣམས་ཀྱིས་ཆོས་བཞིན་དུ་ཐོབ་པ་དག་སྦྱིན་པར་བྱེད་པ། སྡིག་པ་ལས་ལོག་པ་དག་སྦྱིན་པར་བྱེད་པ། དབང་པོ་ཐུལ་བས་སྦྱིན་པར་བྱེད་པ། གུས་པར་བྱས་ཏེ་སྦྱིན་པར་བྱེད་པ། རབ་ཏུ་བཏུད་དེ་སྦྱིན་པར་བྱེད་པ། རང་གི་ལག་ནས་སྦྱིན་པར་བྱེད་པ། དང་པོར་རང་རང་གི་ཚལ་ཟའི་འཁོར་རྣམས་ལ་ལེགས་པར་རི་མོར་བྱས་ལེགས་པར་མཆོད་པར་བྱས་ནས་དེའི་འོག་ཏུ་སློང་མོ་པ་གཞན་དག་ལ་སྦྱིན་པར་བྱེད་པའོ། །
Domain ཆོས་ལུགས།

{{#arraymap:ཚུལ་ཁྲིམས་རྣམ་པར་དག་པ་བཅུ་

|; |@@@ | | }}