58810
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བསོད་ནམས་བྱ་བའི་གཞི་གསུམ་གྱི་ནང་གསེས་ཤིག་སྟེ། འདི་ནི་འབྲས་བུ་ཡིད་འོང་བས་ན་བསོད་ནམས་ཀྱང་ཡིན། ལས་ཀྱི་ངོ་བོ་ཡིན་པས་བྱ་བ་ཡང་ཡིན་པ་དང་། འདི་ལ་བརྟེན་ནས་ཀུན་སློང་གི་སེམས་པ་འཇུག་པའི་གཞི་ཡང་ཡིན་པས་བསོད་ནམས་བྱ་བ་དེའི་གཞི་སྟེ། དེས་ན་ཚུལ་ཁྲིམས་ལས་བྱུང་བ་ནི་ལུས་དང་ངག་གི་ལས་ཡིན་པས་གསུམ་ཆར་ཡིན་ནོ། །ཡང་ན་བསོད་ནམས་བྱེད་པ་ནི་བསོད་ནམས་བྱ་བ་སྟེ་སྦྱོར་བའོ། །འདི་དག་སྒྲུབ་པའི་ཆེད་དུ་བསོད་ནམས་ཀྱི་སྦྱོར་བ་རྩོམ་པའི་ཕྱིར་འདི་ནི་དེའི་གཞི་ཡིན་ནོ། །གཞན་དག་ན་རེ། བསོད་ནམས་བྱ་བ་ནི་དོན་དམ་པར་ན་སེམས་པ་དགེ་བ་ཡིན་ལ། འདི་དག་ནི་དེའི་གཞི་ཡིན་ནོ་ཞེས་ཟེར་རོ། །དོན་དངོས་ནི་ཚུལ་ཁྲིམས་ལས་བྱུང་བའི་བསོད་ནམས་བྱ་བའི་གཞི་ནི་ཚུལ་ཁྲིམས་ཀྱི་རང་བཞིན་ཡིན་པའི་ཕྱིར་དེ་སྐད་དུ་བརྗོད་དེ་ལོ་མ་ལས་བྱུང་བའི་སྤྱིལ་བོ་ཞེས་བྱ་བཞིན་ནོ། །དེས་ན་འཆལ་བའི་ཁྲིམས་ནི་མི་དགེ་བའི་གཟུགས་ཡིན་ལ། དེ་སྤོང་བ་ནི་ཚུལ་ཁྲིམས་སོ། །ཡང་གཞན་དག་ན་རེ། ཚུལ་ཁྲིམས་ནི་རྣམ་པར་བཞི་སྟེ། འཇིགས་པའི་ཚུལ་ཁྲིམས་ནི་འཚོ་བ་མེད་པ་དང་། ཚིགས་སུ་བཅད་པ་མེད་པ་དང་ཆད་པ་དང་། ངན་འགྲོས་འཇིགས་ནས་སྲུང་བ་གང་ཡིན་པའོ། །ལེགས་སུ་སྨོན་པའི་ཚུལ་ཁྲིམས་ནི་སྲིད་པ་དང་། ལོངས་སྤྱོད་དང་བཀུར་སྟི་ལ་ཆགས་ནས་སྲུང་བ་གང་ཡིན་པའོ། །བྱང་ཆུབ་ཀྱི་ཡན་ལག་གི་རྗེས་སུ་མཐུན་པའི་ཚུལ་ཁྲིམས་ནི་ཡང་དག་པའི་ལྟ་བ་ཅན་རྣམས་ཐར་པའི་དོན་དུ་སྲུང་བ་གང་ཡིན་པའོ། །ཡོངས་སུ་དག་པའི་ཚུལ་ཁྲིམས་ནི་དྲི་མ་མེད་པའི་ཕྱིར་ཟག་པ་མེད་པའི་ཚུལ་ཁྲིམས་ཡིན་ནོ་ཞེས་ཟེར་རོ། ། |
| Domain | ཆོས་ལུགས། |