58823
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རང་སྡེ་སློབ་དཔོན་དབང་ཕྱུག་སྡེ་ལ་སོགས་པས་རྟགས་མཐུན་ཕྱོགས་ལ་མཐོང་ཙམ་དང་། མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་གྱིས་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་འགྲུབ་པར་འདོད་ཅིང་། སློབ་དཔོན་ཕྱོགས་ཀྱི་གླང་པོས་དེ་ཙམ་གྱིས་རྟགས་ཡང་དག་གི་དོན་མི་འགྲུབ་པར་ཕྱོགས་ཆོས་སུ་མ་ཟད་གཏན་ཚིགས་ཡང་དག་ཉིད་ཀྱི་ཚུལ་གསུམ་གའི་མཚན་ཉིད་ཀྱི་ཟུར་དུ་ཡང་ངེས་པར་བརྗོད་པའི་གཞུང་ཚིག་ཅིག དེ་ཡང་། པཎ་ཆེན་བསོད་ནམས་གྲགས་པའི་རྣམ་འགྲེལ་དགོངས་པ་རབ་གསལ་ལས། དོན་ནི་སྐབས་ཀྱི་ཕྱི་རྒོལ་གྱིས་རྟགས་མི་མཐུན་ལ་ཕྱོགས་ལ་མ་མཐོང་བ་ཙམ་གྱིས་ལྡོག་ཁྱབ་གྲུབ་མི་ནུས་ཏེ། རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་འགྲུབ་པ་འབྲེལ་བ་ལ་ལྟོས་པའི་དོན་གྱི་དབང་འདི་གཟིགས་ནས། སློབ་དཔོན་ཕྱོགས་གླང་གིས་ཚུལ་གསུམ་སོ་སོའི་མཚན་ཉིད་ཀྱི་ཟུར་དུ་ངེས་བརྗོད་དང་། གཞན་དོན་སྐབས་ཀྱི་རྟགས་ཡང་དག་ཡིན་ན། ཚུལ་གསུམ་རྒོལ་ཕྱི་རྒོལ་གཉིས་ཀའི་ཚད་མས་གྲུབ་དགོས་པར་གསུངས་པའི་ཕྱིར་དང་། ཚད་མ་མདོ་རྩར། རྗེས་དཔག་བྱ་དང་དེར་མཐུན་ལ། །ཡོད་དང་མེད་ཉིད་ལ་མེད་པའོ། །འདི་ཅི་ཤེས་པའང་ཐོབ་པ་ཉིད། །ཤེས་བྱེད་སྐབས་ཀྱི་དབང་བྱས་ཕྱིར། །ཞེས་དང་། མདོ་རང་འགྲེལ་ལས། དེ་ལ་མངོན་སུམ་མམ་རྗེས་སུ་དཔག་པས་མཐོང་གི ། རྗེས་ལ་དེའི་རིགས་དང་མཐུན་པ་ལ་ཡང་སྤྱིའི་ཚུལ་གྱིས་ཕྱོགས་ཐམས་ཅད་དམ་ཕྱོགས་གཅིག་ལ་ཡོད་པར་གྲུབ་བོ། །རྣམ་འགྲེལ་རྩ་བ་ལས། གཏན་ཚིགས་ཀྱི་ནི་ཚུལ་གསུམ་ལའང་། །དེ་ཡིས་མ་གྲུབ་བཟློག་དོན་དང་། །འཁྲུལ་པ་ཅན་གྱི་གཉེན་པོར་ནི། །ངེས་པ་བརྗོད་པར་མཛད་པ་ཡིན། ། |
| Domain | ཚད་མ། |