58826
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། བྱེ་བྲག་སྨྲ་བ། ཡོངས་སྦྱོང་གི་གཞིའི་སྐབས་སུ་ཚུལ་ཇི་ལྟར་གླེང་བ་ནི། པཎ་ཆེན་འདུལ་བ་ལས། བསམ་བྱའི་གནས་ལ་བསམ། བརྟག་བྱའི་གནས་ལ་བརྟགས། དྲན་པ་དང་ཤེས་བཞིན་སྔོན་དུ་བཏང་། བྱམས་པ་དང་སྙིང་རྗེའི་སེམས་ཉེ་བར་བཞག་ནས། །གླེང་བའི་སྐབས་དབྱེ་བའི་སྒོ་ནས་གླེང་བར་བྱ་བ་ཡིན་པའི་ཕྱིར། བསམ་བྱའི་གནས་ལ་བསམ་པའི་དོན་ཡོད་དེ། གླེང་བྱེད་རང་ཉིད་མཚན་ཉིད་དང་ལྡན་མི་ལྡན་བསམ་པར་བྱ་བ་ཡིན་པའི་ཕྱིར། བརྟག་བྱའི་གནས་ལ་བརྟག་པའི་དོན་ཡོད་དེ། གླེང་བྱ་དང་གླེང་བའི་ཡུལ་དང་། དུས་ལ་སོགས་པ་མཚན་ཉིད་དང་ལྡན་མི་ལྡན་བརྟག་པར་བྱ་བ་ཡིན་པའི་ཕྱིར། ཞེས་གསུངས། |
| Domain | ཆོས་ལུགས། |