58827
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། དགེ་ཚུལ་དང་བསྙེན་རྫོགས་སྒྲུབ་པའི་མཇུག་ཆོག་གཉིས་པ། གདམས་ངག་བརྗོད་པའི་ཡུལ་དགེ་ཚུལ་དང་བསྙེན་རྫོགས་སྒྲུབ་མ་ཐག་པ་ལ་རྣམས་ལ་ལྟུང་བ་རྣམས་སྤོང་དགོས་པ་དང་ཚུལ་ཁྲིམས་སྲུང་དགོས་པའི་ཚུལ་གསལ་བར་བརྗོད་པ་ལ་ཟེར། དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། བཞི་པ་ཡོད་དེ། ལྟུང་བར་གྱུར་པའི་ཆོས་རྣམས་སྤང་བྱ་དང་། དགེ་སྦྱོང་དུ་བྱེད་པའི་ཆོས་རྣམས་བླང་བྱར་གདམས་པའི་ཚུལ་གྱིས་བརྗོད་པར་བྱ་བ་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། |
| Domain | ཆོས་ལུགས། |