58829

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཚུལ་ཇི་ལྟར་དུ་མ་སྐྱེས་པ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། ལུང་ཞུ་བ་ལས། ཉམས་པ་དང་མ་ཆགས་པའམ་མ་སྐྱེས་པ་ལྟུང་བ་ལ་སྦྱོར་ན་ཉེས་བྱས་སོ། །ཞེས་པའི་སྐབས་ནས་བསྟན་པའི་མ་སྐྱེས་ཞེས་པ་དེ་ཚུལ་ཇི་ལྟར་དུ་མ་སྐྱེས་པ་རེད་ཅེ་ན། བསྙེན་རྫོགས་ཀྱི་སྡོམ་པ་ཇི་ལྟར་བླངས་པ་དེ་ལྟར་དུ་མ་སྐྱེས་ཞེས་པའི་དོན་ནོ། དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། བཞི་པ་ཡོད་དེ། བསྙེན་རྫོགས་ཀྱི་སྡོམ་པ་ཇི་ལྟར་བླངས་པ་ལྟར་མ་ཐོབ་པའི་ཚུལ་གྱིས་མ་སྐྱེས་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།