58832

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཚུལ་དྲུག་ (1)
Part of speech མིང་ཚིག
Definition རང་སྡེ་སློབ་དཔོན་དབང་ཕྱུག་སྡེ་ཡིས་རྟགས་ཡང་དག་གི་མཚན་ཉིད་ལ་ཚུལ་དྲུག་ཏུ་འདོད་པ། དེ་ཡང་། པཎ་ཆེན་བསོད་ནམས་གྲགས་པའི་རྣམ་འགྲེལ་དགོངས་པ་རབ་གསལ་ལས། ཚུལ་གསུམ་དུ་བསྟན་པའི་དགོས་པ་ནི། རང་སྡེ་དབང་ཕྱུག་སྡེས། ཚུལ་གསུམ་ཚད་མས་ངེས་པ་དང། བརྗོད་པར་འདོད་པའི་གྲངས་གཅིག་པ་ཅན་དང་། དམ་བཅའ་ལ་ཚད་མས་གནོད་པ་མེད་པའི་ཡུལ་ཅན་གསུམ་བསྣན་ཏེ་ཚུལ་དྲུག་ཏུ་འདོད་པ་དང་། ཞེས་གསུངས། རང་ལུགས་ཀྱིས་རྟགས་ཡང་དག་གི་ཚུལ་ལ་གསུམ་བསྟན་པའི་དགོས་པ་ནི། ཚུལ་དྲུག་དང་ཚུལ་གཅིག་ལ་སོགས་པ་འགོག་པའི་ཆེད་དུ་ཡིན་ནོ། །
Domain ཚད་མ།
ཚུལ་དྲུག་ (2)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། གཟི་ལྡན་འཆར་ཁའི་འོད་སྣང་ལས། ཤེས་པར་བྱ་ཞིང་བསྒྲུབ་པར་བྱ་བའི་རང་བཞིན་དོན་དམ་པ་ཇི་ལྟ་བ་ལ་འཇུག་པའི་ཚུལ་དང༌། ཀུན་མཁྱེན་གྱི་གོ་འཕང་ཐོབ་སྟེ་འབྲས་བུ་དམ་པ་མངོན་དུ་བྱེད་པའི་ཚུལ་དང༌། གསུང་རབ་བསྟན་པའི་ཚིག་གིས་མཚོན་ནས་དོན་གྱི་ངོ་བོ་རང་གིས་རྟོགས་པ་ལྟར་གཞན་ལ་བཤད་པ་ཡོངས་སུ་བརྗོད་པའི་ཚུལ་དང༌། ཚུལ་དེས་མཐའ་ཡི་ལྟ་བ་མཐའ་དག་སྤོང་སྟེ་སེལ་བར་བྱེད་པས་གང་ལ་ལྟོས་པ་ཐམས་ཅད་མཐའ་སྟེ་དེ་ལ་མི་གནས་པར་སྟོན་པའི་ཚུལ་དང༌། ཇི་སྙེད་པའི་ཆོས་ཀྱི་དོན་དེ་བཞིན་ཉིད་བསམ་གྱིས་མི་ཁྱབ་པ་ཡང་དག་པར་ཤེས་ནས་ངང་ལས་མི་འདའ་བར་ལྷག་མཐོང་གི་ཚུལ་དང༌། ཏིང་ངེ་འཛིན་གྱི་སྟོབས་ཀྱིས་དགོངས་པ་རྩེ་གཅིག་ལས་མི་གཡོ་བར་བརྟན་པ་ཐོབ་པ་ཞི་གནས་ཀྱི་ཚུལ་ཏེ། ཞེས་པ་ལྟར་དྲུག་གོ །
Domain ཆོས་ལུགས།