58833

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཚུལ་བཅུ་དྲུག་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། རྣམ་པར་རྟོག་པའི་རི་བོ་བཅུའི་ཡ་གྱལ་མངོན་པའི་རྟོགས་པའི་ཁོངས་གཏོགས་ཤིག་སྟེ། ཇི་ལྟར་སྣང་བ་རི་བོའམ་རི་མོ་ལྟ་བུའི་ཚུལ། ཅིར་ཡང་འགྱུར་བ་གར་ཐབས་ལྟ་བུའི་ཚུལ། ཟིལ་གྱིས་གནོན་པ་ཁྱད་དུ་བྱུང་བའི་ཚུལ། ཚམ་རྔམ་ཆེན་པོ་སྟབས་སུ་འགྱིང་བའི་ཚུལ་བཅས་སྐུའི་རྔམ་ཚུལ་བཞི་དང། གང་དུ་རྔུབ་པ་ཞལ་གྱི་ཚུལ། ཅིར་ཡང་འགྱུར་བ་ལྗགས་ཀྱི་ཚུལ། ཡོངས་སུ་གཅོད་པ་ཚེམས་ཀྱི་ཚུལ། གོ་བར་སྒྲོག་པ་འབྲུག་སྒྲ་སྒྲོག་པའི་ཚུལ་བཅས་གསུང་གི་རྔམ་ཚུལ་བཞི་དང། དགོངས་པ་ནམ་མཁའི་སྐར་ཚོགས་ལྟ་བུའི་ཚུལ། འཕྲིན་ལས་རྒྱ་མཚོའི་དབའ་རླབས་ལྟ་བུའི་ཚུལ། ཡོན་ཏན་ས་གཞིའི་རྩི་ཤིང་ལྟ་བུའི་ཚུལ། ཐུགས་རྗེ་གར་གྱི་འཕྲེང་བ་ལྟ་བུའི་ཚུལ་བཅས་ཐུགས་ཀྱི་རྔམ་ཚུལ་བཞི་དང། གནས་པར་འབྱུང་ཞིང་སྡུད་པ་དུར་ཁྲོད་ཀྱི་ཚུལ། གནོན་པའི་ཁྱད་པར་སྤ་བཀོང་བའི་ཚུལ། ཞིང་གི་ཁྱད་པར་བླ་ན་མེད་པའི་ཚུལ། སྤྱོད་པའི་ཁྱད་པར་ཅིག་ཅར་གྲུབ་ལ་མི་སྐྱོར་བའི་ཚུལ་བཅས་མཐུའི་རྔམ་ཚུལ་བཞི་སྟེ། སྐུ་གསུང་ཐུགས་མཐུའི་རྔམ་ཚུལ་བཞི་རེ་བསྡོམས་པས་བཅུ་དྲུག་གོ །
Domain ཆོས་ལུགས།